གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་སྦྱོང་བརྡར།

༡༧/༡༢/༢༠༡༢   ༉ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ བཙག་འཐུ་འབད་བའི་སྐབས་ལུ་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ར་ བྱུང་མི་ལུ་བརྟེན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ དཀའ་ངལ་སེལ་ཐབས་ཀྱི་ སྦྱོང་བརྡར་ཚུ་ བྱིན་པའི་བསྒང་ཡོདཔ་ཨིན་པས།


ད་ལྟོ་ཚུན་གྱི་རིང་ སྤ་རོ་དང་ ཧཱ་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ དེ་བཟུམ་མའི་ སྦྱོང་བརྡར་ཚུ་ མཇུག་བསྡུ་ཡོདཔ་ད་ ཁ་ཙ་ལས་ ཐིམ་ཕུ་འཇམ་དཔལ་དབྱངས་སྐྱིད་གནས་ཁང་ནང་སྦེ་ ཐིམ་ཕུ་རྫོང་ཁག་གི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ འགོ་བཙུགས་ཡོདཔ་ཨིན།
རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ འཐུས་མིའི་གྲངས་སུ་ རྫོང་བདག་དང་ རྫོང་རབ་ དྲུང་པ་ བཙག་འཐུའི་འགོ་འདྲེན་གཙོ་འཛིན་ རྫོང་ཁག་བཙག་འཐུ་འགོ་དཔོན་ རྒེད་འོག་བདག་སྐྱོང་འགོ་དཔོན་ དེ་ལས་ ལས་སྡེའི་འགོ་འཛིན་གོངམ་ཅིག་ཡོདཔ་བཞིན་དུ་ ད་རེས་ཀྱི་ སྦྱོང་བརྡར་དེ་ནང་ ཁོང་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་བྱིན་མི་ བཙག་འཐུ་ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་མའི་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་ དཀའ་ངལ་ཚུ་ ག་དེ་སྦེ་ བསལ་ནི་ཨིན་ནའི་སྐོར་ལས་ ཡོན་ཏན་འཐོབ་བཅུག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དོན་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དེ་ལས་ སྒྲུབ་བྱེད་བཅའ་ཁྲིམས་ཚུ་གི་སྐོར་ལས་ སྟོན་བྱིན་དོ་ཡོདཔ་ད་ དེ་ནང་ ཁྲིམས་ཁང་གོང་མ་ལས་ཡང་ སློབ་སྟོན་འབད་མི་ཚུ་ འོང་སྟེ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ལས་རིམ་དེ་ རྫོང་ཁག་རེ་རེ་ནང་ ཉིན་གྲངས་༢ རེ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ རྫོང་ཁག་ཆ་མཉམ་ནང་ མཇུག་བསྡུ་ནིའི་དོན་ལུ་ ཉིན་གྲངས་༤༠ དེ་ཅིག་ འགོར་ནི་ཨིནམ་ད་ སང་ཕོད་སྤྱི་ཟླ་༡ པ་ མཇུག་བསྡུ་ཁམས་ལུ་ སྦྱོང་བརྡར་མཇུག་བསྡུ་འོང་ཟེར་ཨིན་པས།
རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་དེ་ རྒྱལ་ཡོངས་ཀྱི་ གནས་ཚད་དང་ རྫོང་ཁག་གི་ གནས་ཚད་ནང་འབདཝ་ད་ ཁག་༢ ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་གནས་ཚད་ནང་འབད་བ་ཅིན་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་༡ ཁྲི་འཛིན་འབད་འོང་དགོཔ་ད་ དེ་དང་གཅིག་ཁར་ ལྷན་ཚོགས་ཀྱི་དྲུང་ཆེན་དང་ དགོས་མཁོ་དང་བསྟུན་ ལྷན་ཚོགས་ཀྱི་ འབྲེལ་ཡོད་ལས་ཁུངས་ཀྱི་ འགོ་འཛིན་དེ་ཡང་ ཚུདཔ་ཨིན་པས།
དེ་ལས་ རྫོང་ཁག་གི་ གནས་ཚད་ནང་འབད་བ་ཅིན་ བཙག་འཐུ་འགོ་འདྲེན་འཐབ་མི་ གཙོ་འཛིན་དེ་ ཁྲི་འཛིན་སྦེ་ འོང་དགོཔ་ད་ དེ་དང་གཅིག་ཁར་ རྫོང་བདག་དང་ དྲུང་པ་ སྡེ་ཚན་གྱི་ འགོ་དཔོན་གོངམ་ཅིག་ རྫོང་ཁག་ཁྲིམས་དོན་འགོ་དཔོན་ རྒེད་འོག་བདག་སྐྱོང་འགོ་དཔོན་ དེ་ལས་ རྫོང་ཁག་བཙག་འཐུ་དགོ་དཔོན་ཚུ་ ཚུདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment