གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཧཱཔ་དང་ སྤ་རོཔ་ཚུ་གི་དོན་ལུ་ ལོ་བབས་དུས་སྟོན།

༡༢/༡༢/༢༠༡༢   ༉ ད་རིས་ ཧཱ་དང་ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་གིས་ ལོ་བབས་དུས་སྟོན་ བརྩི་སྲུང་འབད་ནི་ཨིན་པས།
ལོ་བབས་དུས་སྟོན་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༡༠ པའི་ཚེས་༢༩ ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ གཞུང་སྒེར་གྱི་ལཱ་འབད་སྡོད་མི་ ཧཱཔ་དང་ སྤ་རོཔ་ཚུ་གིས་ ཁོང་རའི་ བཟའ་ཚང་ཚུ་དང་གཅིག་ཁར་ ལོ་བབས་དུས་སྟོན་ བརྩི་སྲུང་འབད་ནིའི་དོན་ལུ་ ངལ་གསོ་ལེན་ཏེ་ གཡུས་ཁར་ འགྱོ་དོ་ཡོདཔ་ཨིན་པས།

ལོ་བབས་དུས་སྟོན་ནང་ བཞེས་སྒོ་རྡིག་ཤོས་ཅིག་ཨིན་མི་ ཧོན་ཏོད།


རང་ཟླ་༡༠ པའི་ཚེས་༢༩ ལུ་ ལོ་བབས་དུས་སྟོན་ བརྩི་སྲུང་འབད་ནི་ འགོ་བཙུགས་ཞིནམ་ལས་ རང་ཟླ་༡༡ པའི་ཚེས་༢ ཚུན་ ཕོ་སྐྱེས་ཚུ་གིས་ མདའ་དང་ ཁུ་ར་ཚུ་རྐྱབ་སྟེ་ སྤྲོ་བ་ཚད་མེད་སྟོན་དོ་ཡོདཔ་ཨིན་པས།
ཧཱ་ལས་ཨིན་མི་ ཐིམ་ཕུ་ལྕང་ཟམ་ཏོག་སློབ་གྲྭའི་སློབ་དཔོན་ པདྨ་མཚོ་མོ་གིས་ སླབ་མིའི་ནང་ ལོ་བབས་དུས་སྟོན་གྱི་སྐབས་ལུ་ ལོ་བསྟར་བཞིན་དུ་ ཨ་ལུ་ཚུ་ཁྱིད་དེ་ གཡུས་ཁར་འགྱོ་དོ་ཡོདཔ་ལས་ དུས་ཅི་ཡང་ ཨ་རྟག་བཟུམ་སྦེ་ར་ ལོ་བབས་བརྩི་སྲུང་འབད་བར་གཡུས་ཁར་འགྱོ་ནི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལོ་ཨ་རྟག་ར་ ལོ་བབས་དུས་སྟོན་ མོ་རའི་ གཡུས་ཁ་ལུ་སྦེ་ བརྩི་སྲུང་འབད་ནི་དེ་གིས་ གཡུས་ཁར་མ་འགྱོ་བ་ཅིན་ ཕམ་ཚུ་ སེམས་མི་དགའ་བས་ཟེར་ སླབ་ཨིན་པས།
ཚེས་༢༩ གི་ཕྱི་རུ་ གཡུས་ཚན་ཚུ་ནང་ ཨ་ལུ་ཚུ་གིས་ སྡེ་ཚན་བཟོ་ཞིནམ་ལས་ ལོ་ལེགས་བགྱང་དོ་ཡོདཔ་ད་ དེ་བསྒང་ ལོ་ལེགས་ཀྱི་ཚིག་ཚུ་ཡང་ སྟེང་ཐོག་མི་གིས་གང་སོང་ བཀྲིས་ཤོག། བར་ནང་འབྲུ་གིས་གང་སོང་ བཀྲིས་ཤོག། ཨོ་ཁང་ནང་ནོར་གྱིས་གང་སོང་ བཀྲིས་ཤོག།ཟེར་ ཁྱིམ་ཚུ་ནང་ ཧོན་ཏོད་ལྷང་པར་ འགྱོ་དོ་ཡོདཔ་ཨིན་པས།
ཧོན་ཏོད་བཟོ་བའི་སྐབས་ལུ་ ཤའི་རིགས་ཚུ་ ལག་ལེན་འཐབ་ནི་མེདཔ་ཨིན་པས།
ཧོན་ཏོད་དེ་ གཙོ་བོ་ར་ ལོམ་སྐམ་དང་ གཡུང་རྡོག་ སྒོགཔ་ ཐིང་ངེ་ ས་ལྒ་ ཨེ་ཕྱེ་ལ་སོགས་པའི་ རྫས་སྦྱོར་ཚུ་བླུགས་ཏེ་ ནང་རྫས་བཟོ་དོ་ཡོདཔ་ད་ ཕྱིའི་པགས་ཀོ་དེ་ བྱཱོ་ཕྱེ་གིས་ བཟོ་དོ་ཡོདཔ་ཨིན་པས།
ཧཱཔ་ཚུ་གིས་ ལོ་བབས་དུས་སྟོན་ བརྩི་ཞིནམ་ལས་ ལོ་ཐེབས་རྩིས་དོ་ཡོདཔ་ལས་ རྐྱེན་བར་ཆད་ཚུ་ ག་ནི་ཡང་ འབྱུང་མ་བཅུག་པར་ བསམ་དོན་ཆོས་བཞིན་དུ་ འགྲུབ་ཚུགས་པའི་ སྨོན་ལམ་བཏབ་དོ་ཡོད་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment