གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༢/༡༢/༢༠༡༢
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ མོང་སྒར་དང་ པདྨ་དགའ་ཚལ་ གསར་སྤང་རྫོང་ཁག་ཚུ་ནང་ ལོ་༥ འི་འཆར་གཞི་༡༠ པའི་ གོང་འཕེལ་ལས་རིམ་དང་ འཁོར་ལམ་ཡོངས་འབྲེལ་ དམིགས་བསལ་དུ་ གློག་མེའི་མཐུད་སྦྲེལ་སྐོར་ལས་ བརྟག་ཞིབ་འབད་ནིའི་དོན་ལུ་ ཉིན་གྲངས་༨ ཀྱི་རིང་ གཟིགས་སྐོར་གནང་པའི་ཤུལ་ལས་ ཁ་ཙ་ ཐིམ་ཕུ་ལུ་ ལོག་ཕེབས་ཡོདཔ་ཨིན་པས།
བློན་ཆེན་མཆོག་དང་གཅིག་ཁར་བྱོན་མི་ སྤྱི་ཚོགས་ཀྱི་འཐུས་མི་དང་ གཞུང་གི་འགོ་དཔོན་ཚུ་གིས་ བུམ་ཐང་ལུ་ བྱ་དཀར་དང་ཨུ་ར་ མོང་སྒར་རྫོང་ཁག་འོག་ལུ་ འབྲོག་ས་དང་ སི་ལམ་སྦིས་ ན་སྒོར་ ཝེ་རིང་ལ་ དྭགས་ས་ ཡང་སྦ་རི་ པདྨ་དགའ་ཚལ་ལུ་ ངང་ལམ་དང་ བདེ་ཆེན་གླིང་ ཆོས་འཁོར་གླིང་ གསར་སྤང་རྫོང་ཁག་ནང་ མ་འོན་གའུན་དང་ དོ་བཱན་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ བློན་ཆེན་མཆོག་གིས་ གཡུས་མི་དང་ རྫོང་ཁག་ཚོགས་འདུ་ རྒེད་འོག་ཚོགས་འདུའི་ འཐུས་མི་ཚུ་དང་ རྫོང་ཁག་གི་འགོ་དཔོན་ སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག་ དེ་ལས་ ཚོང་པ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment