གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་རྐྱངམ་གཅིག་མིན་པར་ རྩོད་དོན་གཞན་ཚུ་ལུ་ཡང་ གོ་སྐབས་འདྲ་མཉམ།

༡༢/༡༢/༢༠༡༢   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དང་འབྲེལ་བའི་ རྩོད་རྙོགས་ནང་ ཁྲིམས་འགལ་གྱི་ ཉེས་འཛུགས་འབད་མི་༣ གྱི་ སྟ་གོན་སྙན་གསན་མཛད་ཡོདཔ་བཞིན་དུ་ རྩོད་ཟླ་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༨ ལས་ བརྒལ་ལན་ནམ་ བཤེར་ལན་མ་ཕུལ་བའི་ཧེ་མར་ ཁྲིམས་གཏུགས་གཞན་ཚུ་གི་ སྙན་གསན་ཡང་ འགོ་བཙུགས་ཡོདཔ་ཨིན་པས།


མོང་སྒར་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ རྩོད་གཞི་གཞན་ཚུ་ ལྟ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཁ་ཙ་ རྩོད་གཞི་༨ ལྟ་ཚར་ཡི་ཟེར་ཨིན་པས།
ཁྲིམས་འདུན་ནང་ ཁྲིམས་འགལ་གྱི་ ཉེས་རྩོད་གཞན་ཚུ་ཡང་ཡོདཔ་ལས་ རྒྱལ་པོའི་ཞིང་གི་ རྩོད་དོན་དང་ གོ་སྐབས་འདྲ་མཉམ་བྱིན་ཐོག་ལས་ རྩོད་བཤེར་འདྲ་མཉམ་ཕྱེ་ནི་ལུ་ གཙོ་རིམབཟུང་ནི་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།
གཞུང་དང་ མི་སེར་གྱི་བར་ན་ དབྱེ་བ་མ་ཕྱེ་བར་ དྲང་བདེན་བྱིན་དགོཔ་དེ་ གལ་ཆེ་ཟེར་ དྲང་དཔོན་གྱིས་ བཤད་པའི་ཁར་ རྫོང་ཁག་ཁྲིམས་འདུན་དེ་ མོང་སྒར་རྫོང་ཁག་གི་ རྒེད་འོག་༡༧ ཆ་མཉམ་གྱི་ ཁྲིམས་འདུན་ཨིནམ་ལས་ མི་སེར་གྱི་ རྩོད་བཤེར་ཚུ་  བསྣར་འགྱངས་སྦེ་ བཞག་ཐབས་མེད་ཟེར་སླབ་ཨིན་པས།
དེ་ལས་ རྒྱལ་པོའི་ཞིང་གི་ རྩོད་དོན་ཐད་ལུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེད་སེངེྒ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་དང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཐོག་མའི་བརྗོད་དོན་ཕུལ་ནི་ཨིན་པས།
དེ་ལས་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གི་ ཐོག་མའི་བརྗོད་དོན་དེ་ ནམ་ཕུལ་ནི་ཨིན་ན་ ཏན་ཏན་སྦེ་ ཧ་གོ་མ་ཚུགསཔ་ཨིན་པས།
དེ་གི་ཤུལ་ལས་ མི་ངོ་སོ་སོ་ལུ་ ཉེས་འཛུགས་འབད་མིའི་ བརྒལ་ལན་ཕུལ་དགོཔ་ཨིན་ཟེར་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གསུམ་གྱི་ ཉེས་བཤེར་དང་གཅིག་ཁར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ལེན་མི་དང་ ཉོ་མི་ཚུ་གི་ ཞི་རྩོད་ཡང་ རྒྱལ་ཡོངས་དུས་ཆེན་གྱི་ཤུལ་ལས་ དུས་མཉམ་སྦེ་ འགོ་བཙུགས་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ ཞི་རྩོད་ནང་ ཉེས་འཛུགས་འབད་མི་ཚུ་ བདུན་ཕྲག་ཤུལ་མའི་ནང་ ཁྲིམས་འདུན་ལུ་ བཅར་དགོ་པའི་ བཀའ་རྒྱ་བཏོན་ནི་ཟེར་ སླབ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་རྩོད་༣ མ་རྩིས་བར་ ཞི་རྩོད་༧༢ ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ ཉེས་རྩོད་ཀྱི་ སྙན་གསན་སྐབས་ ཁེ་ཕན་ཐོབ་མི་ ཆེ་རིམ་ཅན་ཚུ་གི་ མཚན་ཐོ་བཏོག་བཞག་པའི་ མངོན་གསལ་བྱུངམ་ལས་ ལྷན་ཚོགས་ཀྱི་ མིང་གནས་ལུ་ མི་མང་གིས་ དྲི་བཀོད་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment