གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀོད་ཚོགས་སྤྱི་ཁྱབ་ཞལ་འཛོམས་ ཐེངས་༢ པ་འཚོགས་ཡོདཔ།

བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁྲི་འཛིན་མཛད་ཐོག་ལས་ བཀོད་ཚོགས་སྤྱི་ཁྱབ་ཞལ་འཛོམས་འཚོགས་པའི་བསྒང་།
༣/༡༢/༡༢།  ༉ ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ ལེགས་ཤོམ་སྦེ་འགྱོ་བཏུབ་འདྲཝ་ཅིག་འབད་བ་ཅིན་ བུམ་ཐང་ལུ་ གཞི་བཙུགས་འབད་དེ་ ལོ་༡༠ དེ་ཅིག་ལང་མི་ ཨོ་རྒྱན་དབང་ཕྱུག་ ཉམས་སྲུང་དང་ རང་བཞིན་གནས་སྟངས་ སློབ་སྦྱོང་སྤེལ་ཁང་དེ་ སྤྱི་ལོ་༢༠༡༨ ལས་ རང་དབང་གི་ལས་སྡེ་སྦེ་ ལཱ་འབད་ནི་ཨིན་པས།

སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ ཐིམ་ཕུ་ལུ་ བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁྲི་འཛིན་མཛད་ཐོག་ལས་འཚོགས་མི་ སློབ་སྦྱོང་སྤེལ་ཁང་གི་ བཀོད་ཚོགས་སྤྱི་ཁྱབ་ཞལ་འཛོམས་ ཐེངས་༢ པའི་ནང་ དེ་གི་དོན་ལུ་ སྤྱི་ལོ་༢༠༡༥ ལུ་ རང་དབང་བསྐྱར་ཞིབ་ཞལ་འཛོམས་ཅིག་ འཚོགས་ནི་སྦེ་ གྲོས་ཐག་བཅད་ཅི།


ཨིན་རུང་ བཀོད་ཚོགས་ཀྱིས་ སློབ་སྦྱོང་སྤེལ་ཁང་དེ་ ཉམས་སྲུང་དང་ རང་བཞིན་གནས་སྟངས་ཀྱི་དོན་ལུ་ ཞིབ་འཚོལ་འབད་མི་ རྒྱལ་སྤྱིའི་གཞུང་མིན་ལས་ཚོགས་ཅིག་སྦེ་ བཟོ་ནིའི་འོས་འབབ་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི།

སློབ་སྦྱོང་སྤེལ་ཁང་གི་ འགོ་དཔོན་ཚུ་གིས་ ཞལ་འཛོམས་ཀྱི་སྐབས་ གྲོས་བསྟུན་བྱུང་མིའི་ནང་ གལ་སྲིད་ སློབ་སྦྱོང་སྤེལ་ཁང་དེ་ རང་དབང་གི་ལས་སྡེ་འབད་ར་བཞག་པ་ཅིན་ དེ་གིས་ མགུ་རྙོགས་ལམ་ལུགས་ཚུ་ མེདཔ་བཟོ་ཚུགས་ནི་ཨིནམ་མ་ཚད་ ནགས་ཚལ་དང་ གླིང་ཀ་ཞབས་ཏོག་ལས་ཁུངས་ལས་ འཛིན་སྐྱོང་གི་ལམ་སྟོན་ཚུ་ཡང་ མ་དགོཔ་སྦེ་ ཞིབ་འཚོལ་གྱི་ལཱ་ཚུ་ མགྱོགས་དྲགས་ འབད་ཚུགས་ནི་ཨིན་པའི་སྐོར་ལས་ གསུངས་གྲོས་གནང་ཡི།


ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་གནས་སྟངས་ སློབ་སྦྱོང་སྤེལ་ཁང་དེ་ ད་ལྟོ་ ནགས་ཚལ་དང་ གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་འོག་ལུ་ ཡོདཔ་ཨིན་པས།


སློབ་སྦྱོང་སྤེལ་ཁང་གིས་ ཉམས་སྲུང་དང་ རང་བཞིན་གནས་སྟངས་ཞིབ་འཚོལ་འབད་ནིའི་ དམིགས་གཏད་ རྐྱངམ་གཅིག་གིས་མ་ཚད་པར་ ལོ་ཅིག་གི་རིང་ རང་བཞིན་གནས་སྟངས་ཀྱི་དོན་ལུ་ ལག་ཁྱེར་གནས་ཚད་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་དོ་ཡོདཔ་མ་ཚད་ མཐོ་རིམ་འོག་མའི་སློབ་ཕྲུག་ཚུ་ ཁོང་རའི་སློབ་སྦྱོང་གི་ཆ་ཤས་སྦེ་ ཞིབ་འཚོལ་གྱི་ ལཱ་འབད་ནི་ལུ་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

ཉི་མ་དབང་འདུས།
 

ཞལ་འཛོམས་ཀྱི་སྐབས་ལུ་ འབྲུག་ལུ་ཡོད་པའི་ རི་དྭགས་སེམས་ཅན་ཚུ་གི་སྐོར་ལས་ གསལ་སྟོན་འབད་ནིའི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཅིག་ཡང་ གཞི་བཙུགས་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ད་ དེ་གི་སྐབས་ལུ་ རྒྱ་གར་ལུ་ཡོད་པའི་ ཇི་བི་པེནཊི་ ཧི་མ་ལ་ཡཱན་ རང་བཞིན་གནས་སྟངས་དང་ གོང་འཕེལ་སློབ་སྦྱོང་སྤེལ་ཁང་ ཀོ་རི་ཡ་ལུ་ཡོད་པའི་ རྒྱལ་ཡོངས་རང་བཞིན་གནས་སྟངས་དང་ མི་སྟོབས་གོང་འཕེལ་སློབ་སྦྱོང་སྤེལ་ཁང་ཚུ་དང་ གཞུང་དོན་གྱི་མཐུན་འབྲེལ་ཚུ་ བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment