གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇ་པཱན་གྱིས་ ལས་དོན་ཚུ་ནང་ མཉམ་འབྲེལ་འབད་ནི།

ཁ་ཙ་ འཛམ་གླིང་རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་དང་འབྲེལ་ ཇ་པཱན་ཤི་མཱན་ པི་རི་ཕེག་ཅར་ཟེར་མི་ ཧ་མ་ད་ཁྲོམ་དཔོན་ ཊེ་ཙུའོ་ཨུ་ཟུ་གིས་ འབྲུག་དང་གཅིག་ཁར་ མཉམ་འབྲེལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
མཉམ་འབྲེལ་གནད་དོན་ཚུ་གི་གྲངས་སུ་ རང་ལུགས་ཀྱི་ རིས་མོ་དང་འབྲེལ་བའི་ལཱ་དང་ ཤེས་ཡོན་ ལམ་སྲོལ་ དེ་ལས་ བཟོ་གྲྭ་གོང་འཕེལ་གཏང་ནི་ཚུ་ ཚུད་ཡོདཔ་ད་ ཐབས་རིག་མཉམ་འབྲེལ་ནང་ འདལ་ཤོག་ལས་འགུལ་དང་ འབྲིང་རིམ་སློབ་གྲྭ་བར་མའི་ བརྗེ་སོར་ལས་རིམ་ རིས་མོའི་འགྲེམ་སྟོན་ཚུ་ཡང་ ཚུད་ཡོདཔ་ཨིན་པས།
ཁྲོམ་དཔོན་གྱིས་ ཤེས་རིག་དྲུང་ཆེན་དང་ བསྟན་རྒྱས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་དང་ ཕྱད་ཐོག་ལས་ མཉམ་འབྲེལ་གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment