གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔའ་གཟརཔ་སྡེ་ཚན་གྱིས་ གཟིག་པགས་སྡེ་ཚན་ལས་རྒྱལ་ཁ་ཐོབ་ཡོདཔ།

བཀྲིས་ཕུན་ཚོགས།

ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ །  ཁྲི་མངའ་གསོལ་གྱི་ལག་རྩེད་བཱསི་ཀཱེཊ་བཱོལ་འགྲན་བསྡུར་འབད་མིའི་ནང་ ཁ་ཙ་ དཔའ་གཟརཔ་སྡེ་ཚན་དང་ གཟིག་པགས་སྡེ་ཚན་༢ ཀྱི་བར་ནང་རྩེད་འགྲན་འབདཝ་ད་ དཔའ་གཟརཔ་སྡེ་ཚན་གྱིས་ གཟིག་པགས་སྡེ་ཚན་ལས་ སྐུགས་༣ གྱིས་ རྒྱལ་ཁ་ཐོབ་ཅི། 

རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༠ གྱི་རིང་ལུ་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ དོ་འགྲན་ལེགས་ཤོམ་འབད་བའི་ཤུལ་ལུ་ གཟིག་པགས་སྡེ་ཚན་གྱིས་ སྐུགས་གཅིག་གིས་ ལྟག་ལས་ཐོན་ཡོདཔ་ཨིན་རུང་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༣ སྦྱེལཝ་སྦྱེལ་ས་ཐོབ་སྟེ་ འདྲན་འདྲ་བཟོ་ཡོདཔ་ཨིན་པས།  
རྩེད་འགྲན་འབད་དེ་ དུས་ཕྱེད་ངལ་འཚོ་མ་རན་པའི་ཧེ་མར་ དཔའ་གཟརཔ་སྡེ་ཚན་གྱིས་ རིག་རྩལ་དང་ མཁས་རིག་མ་འདྲཝ་བཏོན་ཐོག་ལས་ རྩེད་འགྲན་འབདཝ་ད་ སྐུགས་མཐོ་སུ་སོང་ཡོདཔ་ད་ གཞན་མི་སྡེ་ཚན་དེ་གིས་ སྐུགས་མ་ཐོབ་པར་ དུས་ཡུན་ཧ་ལམ་འགོར་ཡོདཔ་ཨིན་པས།
འཕྲོ་མཐུད་དེ་ར་ གཟིག་པགས་སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་མི་ལུ་བརྟེན་ སྡེ་ཚན་གཉིས་ཆ་ར་གིས་ སྐུགས་༣༣ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།  
ངལ་མཚམས་སྐོར་ཐེངས་༤ པའི་མཐའན་མཇུག་ལུ་ སྐུགས་༥༦ དང་ སྐུགས་༥༣ འབད་ དཔའ་གཟརཔ་སྡེ་ཚན་གྱིས་ གཟིག་པགས་སྡེ་ཚན་ལས་རྒྱལ་ཁ་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment