གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཉེན་བཅོལ་ལས་འཛིན་གྱི་ འོང་འབབ་ཡར་སེང་།


བསྟན་འཛིན་རྣམ་རྒྱལ།

ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ །  འབྲུག་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ སྤྱི་ལོ་༢༠༡༡ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡,༥༡༩ ལྷགཔ་ཅིག་བཟོ་ཚུགས་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ འོང་འབབ་མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༠ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡,༡༡༨ དེ་ཅིག་ལས་བརྒལ་མེདཔ་ཨིན་པས།

འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་དེ་ཡང་ སྤྱིར་བཏང་ཉེན་བཅོལ་ཟེར་ ཁྱིམ་དང་ས་ དེ་ལས་ རྒྱུ་དངོས་ཚུ་ཉེན་བཅོལ་འབད་མི་ལས་ དངུལ་ཀྲམ་ས་ཡ་༦༡༨ དེ་ཅིག་བསྡུ་ལེན་འབད་ཡོད་པའི་ཁར་ ཚེ་སྲོག་ཉེན་བཅོལ་ལུ་བརྟེན་ དངུལ་ཀྲམ་ས་ཡ་༢༢༣ དང་ ཟླ་རིམ་གྱི་དངུལ་ཕོགས་ ཉེན་བཅོལ་འབད་མི་གིས་ དངུལ་ཀྲམ་ས་ཡ་༣༤ དེ་ཅིག་ ཐོབ་ཡོད་མི་ལུ་བརྟེན་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༦༤༤ འོང་འབབ་བཟོ་ཚུགས་ཡོདཔ་ཨིན་པས།
འོང་འབབ་ཡོངས་བསྡོམས་ལས་ ཁྲལ་དངུལ་ཀྲམ་ས་ཡ་༡༣༥ སྤྲོད་པའི་ཤུལ་ལུ་ ལོ་དེ་ནང་གི་ཁེ་སང་ དངུལ་ཀྲམ་ས་ཡ་༤༥༠ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༠ ནང་འབད་བ་ཅིན་ འོང་འབབ་དངུལ་ཀྲམ་ས་ཡ་༣༠༠ ལས་བརྒལ་བཟོ་མ་ཚུགས་པས། 
འདས་པའི་ལོ་༥ གི་ ཁེ་སང་གསལ་སྟོན་ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ ལུ་ ཁེ་སང་དངུལ་ཀྲམ་ས་ཡ་༡༥༢ དང་ སྤྱི་ལོ་༢༠༠༨ ལུ་ དངུལ་ཀྲམ་ས་ཡ་༡༧༠ དེ་ལས སྤྱི་ལོ་༢༠༠༩ ལུ་ དངུལ་ཀྲམ་ས་ཡ་༢༦༡ ལས་བརྒལ་བཟོ་མ་ཚུགསཔ་ཨིན་པས།
 ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་གྱིས་བཤད་མིའི་ནང་ ན་ཧིང་གི་ལོ་ལུ་འོང་འབབ་ལེགས་ཤོམ་བཟོ་ཚུགས་ཡོད་མི་ལུ་བརྟེན་ དུས་ཅི་ལས་བྱེདཔ་ཚུ་ལུ་ ཟླཝ་༣ གྱི་དངུལ་ཕོགས་ཁེ་འཐུས་བྱིན་ནིའི་འོས་འབབ་ཡོད་ཟེར་ཨིན་པས།
ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ ཁ་ཙ་ འཐུས་མི་ཚུ་ལུ་ ལས་འཛིན་གྱི་ལོ་བསྟར་ སྙན་ཞུའི་སྐབས་ལུ་གསལ་བཤད་འབད་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ བགོ་བཤའི་རིན་གོང་ཡར་སེང་འབད་མི་དེ་གིས་ཡང་ འོང་འབབ་ཡར་སེང་འབད་ནི་ལུ་ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་བགོ་བཤའ་གཅིག་ལུ་ རིན་གོང་དངུལ་ཀྲམ་༡༣༢ རེ་འབད་བཙོང་ཚུགས་ཅི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༨༨ དེ་ཅིག་ལས་ཐོབ་མ་ཚུགསཔ་ཨིན་པས། 
འོང་འབབ་ལེགས་ཤོམ་བཟོ་ཚུགས་མིའི་རྒྱུ་རྐྱེན་ཅིག་ ལས་འཛིན་གྱི་རྒྱུ་དངོས་ཚུ་ གནས་གོང་ཡར་སེང་སོང་མི་ལུ་བརྟེན་ཏེ་ཨིན་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment