གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོའི་ཚེས་བཅུ་ མི་མང་ལུ་ མཇལ་ཁ་གནང་པའི་བསྒང་།


བསྟན་འཛིན་རྣམ་རྒྱལ།

རང་ཟླ་༢ པའི་ཚེས་༡༡ ལས་འགོ་བཙུགས་མི་ ལོ་བསྟར་སྤ་རོ་ཚེས་བཅུ་  ཉིནམ་དང་པའི་ནང་ དགེ་འཆམ་གཤིན་རྗེ་ཡབ་ཡུམ་དང་ དུར་བདག་ བོད་འཆམ་དགྲ་མེད་རྩེའི་རྔ་འཆམ་ ཨ་ཙ་རའི་མཛར་ཅུམ་གྱི་ལས་རིམ་ སྡེ་བརྒྱད་དམངས་འཆམ་ དེ་ལས་ སྒྲ་སྙན་ཆོས་གཞས་ཚུ་ དད་ཅན་མི་མང་གིས་ མཇལ་ཁ་ཞུ་བར་འཛོམས་ཡོདཔ་ཨིན་པས།

ལས་རིམ་ཚུ་གི་གྲས་ལས་  ཨ་ཙ་རའི་མཛར་ཅུམ་དེ་ གལ་གནད་ཅན་ཅིག་ཨིནམ་སྦེ་ བརྩི་དོ་ཡོད་མི་ དེ་ཡང་ ཨ་ཙ་རའི་མཛར་ཅུམ་ཟེར་མི་དེ་ སྤ་རོ་རིན་སྤུངས་རྫོང་གི་འོག་ལུ་ཡོད་པའི་ ཧུྃ་རལ་བྱག་གི་གནས་བདག་ ཧུྃ་རལ་མགོནམ་ལུ་ གསོལ་མཆོད་ཕུལ་བའི་ བརྡ་མཚོན་ལུ་ཨིན་ཟེར་ ཨ་ཙ་ར་གོངམ་ཀུན་ལེགས་ཀྱིས་བཤད་ཅི། 
ཁ་ཙ་ གཤིན་རྗེ་ཡབ་ཡུམ་སྐུ་འཆམ་གྱིས་གཙོས་པའི་ ཞྭ་ནག་རྔ་འཆམ་དང་ བོད་འཆམ་ཚུ་གོ་རིམ་བཞིན་དུ་སྦེ་ ཤཝ་ཤ་ཁྱིའི་འཆམ་དང་ ཨ་ཙ་ར་མོ་བཏབ་ལས་རིམ་གྱིས་ མཇུག་བསྡུ་བའི་ཁར་  ཤཝ་གངས་ལས་ཕབ་མིའི་འཆམ་དེ་ བྱིན་རླབས་ཅན་ཅིག་སྦེ་བརྩིསཝ་ཨིན་པས།
འཆམ་དཔོན་ཕུར་པ་གིས་འབད་བ་ཅིན་ འཆམ་དེ་ ཧུྃ་རལ་ཆོས་རྗེ་ཀྱི་བརྒྱུད་པ་ལས་བྱུང་བའི་གར་ འཆམ་རྐྱབ་ཐངས་ཡང་ སྤ་རོ་དང་ ཐིམ་ཕུ་ལྕང་སྒང་ཁ་ལྷ་ཁང་ནང་རྐྱབ་སྲོལ་ཡོདཔ་བཟུམ་སྦེ་ གཞན་ག་ཏེ་ཡང་མིན་འདུག་ཟེར་ཨིན་པས།
ཉིནམ་དང་པ་དང་༢ པའི་སྐབས་ ཚེས་བཅུ་མཇལ་ཁ་ཞུ་མི་ མི་སེར་ཕོ་མོ་ ༣༠༠ དེ་ཅིག་ལས་བརྒལ་མེདཔ་ད་ དེ་ཁར་ ལྟ་བཤལཔ་༡༠༠ ལྷགཔ་ཅིག་འཛོམས་ཡོདཔ་ཨིན་པས།
ཚེས་བཅུ་དེ་ རང་ཟླ་༢ པའི་ཚེས་༡༥ ལུ་ བྱིན་རླབས་ཅན་གྱི་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་མཇལ་ཁ་ གནང་ཐོག་ལས་འགྲོལ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment