གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངང་ལམ་ལུ་ གུ་རམ་གྱི་ ནད་གཞི་ཐོབ་མི་ཚུ་ལུ་སྨན་མེདཔ།


ཡེ་ཤེས་སྒྲོལ་མ།

པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་གི་ སྨན་ཁང་ནང་ མི་༥༡༦ གིས་ གུ་རམ་གྱི་ ནད་གཞི་དང་ ཁྲག་ཤུགས་ དེ་ལས་ ཉམས་ཀྱི་ ནད་གཞི་ཚུ་ བརྟག་དཔྱད་འབད་བའི་སྐབས་ མི་༡༡༡ ལུ་ ཁྲག་ཤུགས་མཐོ་དྲགས་ཡོད་པའི་ ངོས་འཛིན་འབད་བའི་ཤུལ་ལུ་ འདས་པའི་ཟླཝ་ནང་ལས་ སྨན་བཅོས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༣ པའི་ནང་ པདྨ་དགའ་ཚལ་གྱི་ གསོ་བའི་འགོ་དཔོན་དང་ ངང་ལམ་སྨན་ཁང་འབྲིང་མའི་ གསོ་བའི་འགོ་དཔོན་ཚུ་གིས་ ངང་ལམ་དྲུང་ཁག་ནང་ གུ་རམ་གྱི་ ནད་གཞི་དང་ ནད་གཞི་གཞན་ཚུ་གི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བདའ་ཟུན་ཡོདཔ་ཨིན་པས།
དེ་བསྒང་ བརྟག་དཔྱད་འབད་མི་༥༡༦ ཆ་མཉམ་ལུ་ རང་སོའི་གཟུགས་ཚད་དང་ ལྗིད་ཚད་ དེ་ལས་ གུ་རམ་གྱི་ནད་ཚུ་ བརྟག་དཔྱད་འབད་བཅུག་ཡོདཔ་ཨིན་པས།
ཁོང་གི་གྲས་ལས་༢༠༣ དེ་ བདེ་ཆེན་གླིང་རྒེད་འོག་ལས་ཨིནམ་ད་ མི་༨༥ ཚོང་པ་དང་༢༠༢ ཁྲིམས་སྲུང་འགག་པ་དང་ དམག་མི་ དེ་ལས་ ཞི་གཡོགཔ་ཚུ་ཨིན་པས།
གུ་རམ་ནད་གཞི་ཐོབ་ཡོད་མི་ ནདཔ་༡༥ ད་ལྟོ་ ངང་ལམ་སྨན་ཁང་འབྲིང་མ་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
གོ་བརྡའི་ལས་རིམ་ནང་ བཅའ་མར་གཏོགས་མི་ པདྨ་དགའ་ཚལ་གྱི་ རྫོང་ཁག་གསོ་བའི་འགོ་དཔོན་ གོ་པཱལ་ཧིན་མཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ངང་ལམ་སྨན་ཁང་ནང་ གསོ་བའི་འགོ་དཔོན་ཡོད་དེ་འབད་རུང་ གུ་རམ་ནད་གཞི་གི་སྨན་ཚུ་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གུ་རམ་ནད་གཞི་ ཐོབ་ཡོད་མི་ནདཔ་ཚུ་ ཟླ་རིམ་གྱི་ བརྟག་དཔྱད་དང་ སྨན་ཚུ་ལེན་པར་ དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ཡང་ཅིན་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ འགྱོ་དགོ་པས་ཟེར་ཨིན་པས།
དེ་མ་ཚད་ རེ་ཚེ་སྐབས་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ལས་ཡང་ སྨན་ཐོབ་མི་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment