![]() |
༡. ཨཱཕ་ག་ནིསི་ཏཱན་གྱི་གཞུང་ཚབ་ ནཱན་གུ་ཡ་ལ་ཡེ་ ཏར་ཟི། ༢. བཱ་ར་ཛིལ་གྱི་གཞུང་ཚབ་ ཀར་ལོསི་ སར་ཇིའོ་ སོ་བཱ་རཱལ་ ཌུ་འརཊ། ༣. ཡུ་རོ་པིན་སྤྱི་མཐུན་ཚོགས་པའི་གཞུང་ཚབ་ ཇོ་འོ་ གོམསི་ ཀ་ར་བི་ནོ། |
ཁ་ཙ་ འབྲུག་གི་དོན་ལུ་ ཨཱཕ་ག་ནིསི་ཏཱན་དང་ བཱ་ར་ཛིལ་ ཡུ་རོ་པིན་སྤྱི་མཐུན་ཚོགས་པའི་ གཞུང་ཚབ་གསརཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡི།
ད་རུང་ གཞུང་ཚབ་གསུམ་གྱིས་ བློན་ཆེན་ངོ་ཚབ་ ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་དང་ཡང་ མཇལ་ཕྲད་ཞུ་སྟེ་ ཕན་ཚུན་ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།
No comments:
Post a Comment