གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་བླུགས་ས་ ཚུལ་མཐུན་མེདཔ།


མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་སར་བཀོག་བའི་མཐོང་སྣང་།

ལྕང་ཟམ་ཏོག་ཚེ་ཆེན་གླིང་ལྷ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ ཕྱགས་སྙིགས་བླུགས་ས་དང་ ཆུ་མེད་འཐུང་ཆུའི་ གསོག་མཛོད་ཁང་ཚུ་ནང་ ཕྱགས་སྙིགས་བླུགས་ཐོག་ལས་ ལག་ལེན་འཐབ་སྟེ་ ལོ་ལས་བཅད་ལུས་མི་དེ་ ས་གནས་ནང་ སྡོད་མི་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཐིམ་ཕུ་ཁྲོམ་སྡེ་གིས་ སྤྱི་༣ པའི་ཚེས་ ༣༠ ལུ་ སྤོ་བཤུད་འབད་ཡོདཔ་ཨིན་པས།

ཁོང་གིས་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ཡང་ ས་གནས་ནང་ ཕྱགས་སྙིགས་ལེན་པར་བཏང་ཡོདཔ་ཨིན་པས། 
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ས་ཁོངས་དེ་ནང་ ཕྱགས་སྙིགས་ཚུ་ ད་ལྟོའི་བར་ན་ཡང་ ཚུལ་མཐུན་འབད་ མ་བླུགས་མི་ལུ་བརྟེན་ ས་གནས་ཁར་ སྡོད་མི་ཚུ་ལུ་ འཕྲོད་བསྟེན་གྱི་ ཉེན་ཁ་ཡོད་པའི་ཁར་ ཕྱགས་སྙིགས་ཚུ་ རླུང་མ་གིས་འབག་སྟེ་ ག་ལྷོད་བཀལ་བཞག་པའི་མཐོང་གསལ་བྱུངམ་ཨིན་མས། 
ས་གནས་ནང་ སྡོད་མི་ཚུ་གིས་ ཧེ་མ་ ཉོགས་བཤད་མ་བཀོད་པར་ བཞག་མི་ལུ་བརྟེན་ ས་ཁོངས་དེ་ ཕྱགས་སྙིགས་ཀྱིས་གང་ཡོདཔ་ ཤེས་གསལ་མ་བྱུང་ཟེར་ ཁྲོམ་སྡེའི་འགོ་དཔོན་གྱིས་བཤདཔ་ཨིན་པས། 
ལྷ་ཁང་གི་ དཀོན་གཉེར་གྱིས་འབད་བ་ཅིན་ ས་ཁོངས་དེ་ ད་ལས་ཕར་ ཧིང་སངས་ས་འོང་ནི་ཨིན་མི་དེ་ཡང་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ བདུན་ཕྲག་རེའི་ནང་ ཕྱགས་སྙིགས་བསྡུ་ལེན་འབད་བར་ ལན་ཐེངས་གཉིས་རེ་ འོངམ་མས་ཟེར་ཨིན་པས།
ཁྲོམ་སྡེའི་མཐའ་འཁོར་གནས་སྟངས་ཀྱི་ གཙོ་འཛིན་འགོ་དཔོན་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ ཁྲོམ་སྡེ་ཡིག་ཚང་གིས་ ཕྱགས་སྙིགས་བླུགས་ས་ཚུ་ བརྡལ་ཞིནམ་ལས་ དེ་གི་ཚབ་ལུ་ ཕྱགས་སྙིགས་ལེན་པར་ སྣུམ་འཁོར་གཏང་ནི་གི་ འཆར་གཞི་ཚུ་ བཟོ་ཡོདཔ་ལས་ ས་གནས་དེ་ཁར་ སྡོད་མི་ཚུ་གིས་ ས་ཁོངས་ཧིང་སངས་ས་བཟོ་ནིའི་དོན་ལུ་ གྲོགས་རམ་འབད་དགོ་ཟེར་ཨིན་པས།
ས་གནས་ཁར་སྡོད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ས་གནས་གཞན་ཁར་ སྡོད་མི་ཚུ་གིས་ཡང་ ཕྱགས་སྙིགས་ཚུ་འབག་སྟེ་ ས་ཁོངས་དེ་ནང་ བླུགས་དོ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ ཕྱགས་སྙིགས་བླུགས་ས་མེདཔ་བཟོ་ཡོདཔ་ལས་ མི་དེ་ཚུ་ ཕྱགས་སྙིགས་བླུགས་པར་ མི་འོངམ་འོང་ཟེར་ཨིན་པས།
ཕྱགས་སྙིགས་བླུགས་སའི་ དོང་ཡོད་པའི་སྐབས་ལུ་ མི་སེར་ཚུ་གིས་ ནམ་ར་འབད་རུང་ ཕྱགས་སྙིགས་ཚུ་ བླུགས་ཆོག་ཆོ་ཡོད་ནི་དེ་གིས་ བྱ་སྟབས་བདེ་དྲགས་ཡོདཔ་ཨིན་མས། 
ད་ལྟོ་ ཕྱགས་སྙིགས་བླུགས་བཞག་སའི་ ས་ཁོངས་དེ་ ཧེ་མ་ སྨན་ཁང་བཟོ་སྐྲུན་འབད་བའི་སྐབས་ལུ་ ལས་མི་ཚུ་གི་ སྡོད་སྒར་སྦེ་ ལག་ལེན་འཐབ་པའི་ཤུལ་ལུ་ སྨན་ཁང་གི་ ལཱ་མཇུག་བསྡུ་ཞིནམ་ལས་ འདས་པའི་ལོ་གསུམ་གྱི་རིང་ལུ་ ཕྱགས་སྙིགས་བླུགས་ས་ཅིག་ལུ་ གྱུར་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment