༉ ཁྲི་མངའ་གསོལ་གྱི་ བཱསི་ཀེཊ་བཱོལ་འགྲན་བསྡུར་ནང་ ཁ་ཙ་ ཨར་ཊི་སི་དང་ གཟིག་པགས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཨར་ཊི་སི་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ལས་ སྐུགས་༢ ཀྱིས་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༠ ནང་ ཨར་ཊི་སི་གི་ རྩེད་འགྲན་པ་ཚུ་གིས་ སྐུགས་༢ ལས་བརྒལ་ ཐོབ་མ་ཚུགས་པའི་བར་ན་ གཟིག་པགས་སྡེ་ཚན་གྱིས་ སྐུགས་༡༡ ཐོབ་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ དོ་འགྲན་དམ་དམ་འབད་དེ་ སྐུགས་༡༠ ཐོབ་ཡོདཔ་བཞིན་དུ་ གཟིག་པགས་སྡེ་ཚན་གྱིས་ སྐུགས་༡༣ ཐོབ་སྟེ་ ཀོ་ཊར་དང་པའི་ནང་ རྒྱལ་ཁ་ཐོབ་ཅི།
ཀོ་ཊར་༣ པའི་ནང་ ཨར་ཊི་སི་གི་ རྩེད་འགྲན་པ་ཚུ་གིས་ ལེགས་ཤོམ་འབད་ རྩེད་འགྲན་འབདཝ་ལས་ སྐུགས་༣༡ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཐེབས་༤ ལས་བརྒལ་ ཐོབ་མ་ཚུགསཔ་ལས་ སྐུགས་༡ གིས་ ཨར་ཊི་སི་སྡེ་ཚན་རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ ཀཱོ་ཊར་མཇུག་གི་ནང་ སྡེ་ཚན་༢ ཆ་རའི་ ཁ་ཐུག་ལས་ དོ་འགྲན་སྒྲིང་སྒྲིང་འབདཝ་ལས་ ལྟདམོ་ལྟ་མི་ཚུ་ཡང་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ མ་ཤེས་པར་ ཚ་གྱང་ལང་དགོཔ་བྱུང་ཡོདཔ་བཞིན་དུ་ རྩེད་འགྲན་འབད་མི་ཚུ་གིས་འབད་རུང་ ང་རྒྱལ་ཆེ་བའི་སྒོ་ལས་ རྩེད་འགྲན་འབད་ཡོདཔ་ཨིན་རུང་ ཉིནམ་གཅིག་གི་ དབང་ཐང་ཀླུང་རྟ་ཅིག་གིས་ ཨར་ཊི་སི་སྡེ་ཚན་གྱིས་ སྐུགས་༤༡ གི་ཐོག་ལས་ རྒྱལ་ཁ་ཐོབ་པའི་སྐབས་ ཕམ་མི་སྡེ་ཚན་གྱིས་ སྐུགས་༣༩ ལས་ མ་ཐོབ་ཨིན་པའི་གནས་ཚུལ།
No comments:
Post a Comment