གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་མི་ཉམས་རྒུདཔ་༢ སྨན་ཁང་ནང་ལས་བཏང་ཡོདཔ།


༉ སྤྱི་ཟླ་༣ པའི་ཚེས་༣༡ གི་ཕྱི་རུ་ སྐྱེས་ལོ་༢༠ ལང་མི་བུཚ་གཉིས་ གྱི་གསོབ་སྟེ་ དགེ་ལེགས་ཕུག་སྨན་ཁང་ནང་སྐྱེལ་མི་དེ་ སྨན་བཅོས་འབད་དེ་ལོག་བཏང་ཡོདཔ་ཨིན་པས། 
ཁྲིམས་སྲུང་འགག་པ་གིས་ བྱ་ངན་འབད་མི་དོགས་ཅན་ སྐྱོན་མིང་ ཨེ་ཀཱོན་ཟེར་མི་དེ་ ད་ལྟོ་འཚོལ་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༣༡ གི་ཕྱི་རུ་ དགེ་ལེགས་ཕུག་ རྟ་ལི་གྲྭ་ཚང་གི་སྦོ་ལོགས་ཁར་ བུཚ་ན་གཞོན་བཞི་དང་ཕྱད་པའི་ཤུལ་ལུ་ གྱི་གསོབ་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུཚ་ཅིག་གིས་ ཉམས་རྒུད་པ་ལུ་ ཕྱག་ཏོ་དབུར་འགྱོ་ཞིནམ་ལས་ བྲེལ་ཟིང་ཐོན་ནུག་ཟེར་ཨིན་པས། 
བུཚ་གཉིསཔ་དེ་ ལོད་སྦི་སའི་སློབ་གྲྭ་ལས་ཐོན་སྡོད་མི་ ད་ལྟོ་ཁེངས་གྲུབ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་འཕྲོ་མཐུད་ཤེས་ཡོན་སྦྱང་མི་ཨིན་པས། ཉམས་རྒུད་པ་གིས་བཤད་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཨེ་ཀཱོན་ཟེར་བའི་སྐྱོན་མིང་ཐོག་ལས་འབད་ ཁྲིམས་སྲུང་འགག་པའི་སྡོད་སྒར་ནང་སྡོད་མི་ སློབ་ཕྲུག་ཚུ་ལུ་ མི་ངོ་དེ་གི་སྐོར་ལས་ དྲིས་དཔྱད་ཚུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཨེ་ཀཱོན་ཟེར་བའི་སློབ་ཕྲུག་དེ་གི་པར་ཚུ་ ཐོབ་ཡོདཔ་ད་ སློབ་ཕྲུག་དེ་ ནོར་བུ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་སྦྱོང་འབད་མི་ཨིན་མས་ཟེར་ཨིན་པས། ལོ་རྒྱུས་འདི་ཚུ་ཧ་གོ་ཞིནམ་ལས་ ཁྲིམས་སྲུང་འགག་པ་གིས་ཁོ་འཚོལཝ་ད་ དོགས་ཅན་དེ་གིས་ གསར་སྤང་ཁྲོམ་ ཁོ་རའི་ཁྱིམ་ནང་ལས་བྱོག་སོང་བའི་ཤུལ་ལུ་ ད་ཚུན་ལུ་ གསར་སྤང་དང་ དགེ་ལེགས་ཕུག་གི་ས་གནས་ནང་ཐོན་མ་བཏུབ་ཟེར་ཨིན་པས། དེ་མ་ཚད་ ཁོ་གི་ འགྲུལ་འཕྲིན་དེ་ཡང་ རྒྱུན་ལམ་བདའ་མ་ཟུན་པའི་ས་གནས་ནང་འདུག་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་འབད་བ་ཅིན་ དོགས་ཅན་དེ་གིས་ གསར་སྤང་གཞུང་ལམ་བརྒལ་ཏེ་ ས་མཚམས་ཀྱི་ནགས་ཚལ་ནང་གཡིབ་སྡོད་སྡོདཔ་འོང་ཟེར་ ཨིན་པས། ཁྲིམས་སྲུང་འགག་པ་གིས་ ཨེ་ཀཱོན་དེ་འཚོལ་མ་ཐོབ་མི་ལུ་བརྟེན་ ཁོ་དང་གཅིག་ཁར་ཡོད་མི་ དོགས་ཅན་གསུམ་དེ་ཡང་ བཟུང་མ་ཚུགས་ཟེར་ཨིན་པས།
ཉམས་རྒུདཔ་གཉིས་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ ལམ་འགྲུལ་འབད་མི་ཚུ་གིས་ ཧ་ལམ་དྲན་མེད་སྦེ་ སྨན་ཁང་ནང་འབག་འོང་བའི་ཤུལ་ལུ་ སྨན་ཁང་ནང་ལས་ཕྱི་རུའི་ཆུ་ཚོད་༩.༤༥དེ་ཅིག་ཁར་ ཁོང་ལུ་བརྡ་ལན་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་སྙན་ཞུ་ལྷོད་མི་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ བྲེལ་ཟིང་གི་སྐོར་ལས་ ལོ་རྒྱུས་ཚུ་སླབ་པའི་བར་ནང་ ཁོང་བཞི་གི་གྲས་ལས་ བུཚ་ཅིག་གིས་ གྱི་གསོབ་ནི་ འགོ་བཙུགས་ཅི་ཟེར་ཨིན་མས། ཉམས་རྒུད་པ་ཅིག་གི་ཨོལ་ལྐོག་གུ་རྨ་བཏོན་ཡོདཔ་ད་ གཞན་མི་དེ་ རྣམ་ཅོག་དང་ གདོང་གུ་ལུ་རྨ་སྐྱོན་ཚུ་རྐྱབ་ནུག་ཟེར་ཨིན་མས། ཁོང་གཉིས་ཀྱི་སྒལ་ཏོ་དང་ བྱང་ཁོག་གུ་ལུ་ཡང་ རྨ་སྐྱོན་ཚུ་རྐྱབ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ། 

No comments:

Post a Comment