གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་གྲུའི་གྱིབ་འཁོར་གྱི་ དཀའ་ངལ་ལུ་བརྟེན་ འཕུར་འགྲུལ་ལུ་བར་ཆད།


བོད་པ་ལ་ཐང་ནང་ ཐོགས་ལུས་མི་ བྷུ་ཊཱན་ཨེ་ཡར་ལེན་ལས་སྡེའི་གནམ་གྲུ།

དམིག་དམར་ སྤྱི་ཟླ་༤ པའི་ཚེས༢།  འབྲུག་གི་སྒེར་སྡེའི་ནང་འཁོད་འཕུར་འགྲུལ་ བྷུ་ཊཱན་ཨེ་ཡར་ལེན་གྱི་ སྡོད་ཁྲི་༨ འབད་མི་ གནམ་གྲུ་དེ་ རེས་གཟའ་ཉི་མ་ལུ་ སྤ་རོ་ལས་ བུམ་ཐང་ལུ་ འཕུར་འགྲུལ་འབད་བའི་ཤུལ་ལུ་ བོད་པ་ལ་ཐང་ ནང་འཁོད་གནམ་ཐང་ནང་ ཐོགས་ལུས་ཡོདཔ་ཨིན་པས།

དེ་ཡང་ བཀྲིས་གནམ་གྲུ་དེ་གི་ འཁོར་ལོ་༡ རྦད་འགྱོ་འགྱོཝ་དང་ ཡང་ཅིན་ རླུང་མ་ཐོན་སོང་མི་ལུ་བརྟེན་ འཕུར་འགྲུལ་འབད་མ་ཚུགས་པར་ ལུས་ཡོདཔ་འོང་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ད་ལྟོ་ འཕུར་འགྲུལ་འབད་མ་ཚུགས་པར་ ལུས་མིའི་གནད་དོན་ཅིག་ གྱིབ་འཁོར་དེ་ སྤ་རོ་གནམ་ཐང་ལས་ བུམ་ཐང་ལུ་ སྐྱེལ་འདྲེན་འབད་དགོ་ནི་དེ་གིས་ཨིན་རུང་ ད་རིས་ཉིན་མར་ འཕུར་འགྲུལ་ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བྷུ་ཊཱན་ཨེ་ཡར་ལེན་ལས་སྡེ་གིས་ བྱུང་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཁ་གསལ་བཀོད་དེ་ ད་རེས་ ཞི་བའི་མཁའ་འགྲུལ་ལས་ཁུངས་ལུ་ སྙན་ཞུ་འབད་ནི་ཨིན་པས།
གནམ་གྲུའི་གྱིབ་འཁོར་དེ་ བོད་པ་ལ་ཐང་ནང་འཁོད་གནམ་ཐང་ནང་ ཆགས་པའི་སྐབས་ དངོས་པོ་ཅིག་ལུ་ ཕོག་ནི་དེ་གིས་ རྦད་ཡར་སོཔ་ཨིན་ན་ ཡང་ཅིན་ ཕྱི་རྒྱལ་གྱི་ དངོས་པོ་ཅིག་ལུ་བརྟེན་ རླུང་མ་ཐོན་སོཔ་ཨིན་ན་ ཡང་ཅིན་ གྱིབ་འཁོར་བཙུགས་སའི་ནང་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་ན་ ཀུན་གསལ་གྱིས་ ཏན་ཏན་སྦེ་ ཤེས་རྟོགས་བྱུང་མ་ཚུགས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འཕུར་འགྲུལ་ཉེན་སྲུང་ལྟ་རྟོག་གཙོ་འཛིན་འོག་མ་ བརཔ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གིས་ བྱུང་རྐྱེན་སྙན་ཞུ་ཐོབ་ཞིནམ་ལས་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ བརྟག་ཞིབ་འབད་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤ་རོའི་གནམ་ཐང་ནང་འབད་བ་ཅིན་ དྲོ་པ་ཨ་རྟག་ར་ ཞིབ་དཔྱད་རྐྱབ་ནི་ཡོད་རུང་ རེས་གཟའ་ཉི་མ་ལུ་ བོད་པ་ལ་ཐང་ནང་ ཞིབ་དཔྱད་འབད་མ་འབད་ ཁོ་ལུ་ ཤེས་རྟོགས་མ་བྱུང་ཟེར་ཨིན་པས།
གནམ་གྲུའི་གྱིབ་འཁོར་ལུ་ སྐྱོན་ཞུགས་པའི་སྐབས་ གནམ་གྲུའི་འཐུས་མི་ཚུ་མ་གཏོགས་ མཁའ་འགྲུལ་པ་ཕུད་རྡོག་གཅིག་ཡང་མེད་མི་དེ་ཡང་ དེ་བསྒང་ སྦྱོང་བརྡར་གྱི་དོན་ལུ་ འཕུར་འགྲུལ་འབད་བའི་བསྒང་ཨིན་པའི་གནས་ཚུལ།

No comments:

Post a Comment