གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།


དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ འཕྲལ་ཁམས་ཅིག་ཁར་ བྱང་ས་སེམས་ཅན་ཚེ་ཐར་ཚོགས་པ་གིས་ བཀྲིས་སྒང་བསམ་མཁར་རྒེད་འོག་ནང་ སྲོག་གཅོད་འབད་ནི་ལས་ སྲོག་སྐྱབས་འབད་དེ་ ལུང་བསྟན་ཟམ་པ་ལུ་བཞག་མི་ ར་༡༧༠ དེ་ཅིག་ དྲོད་ས་ལས་ བསིལ་སའི་ས་གནས་ ར་སྡིའི་རྩྭ་འབྲོག་ཚུ་ནང་ འབག་འགྱོ་བའི་བསྒང་ཨིནམ་ད་ ལུང་བསྟན་ཟམ་པ་དེ་ ཉིནམ་གཅིག་བ་ཉིནམ་གཅིག་ དྲོད་བཏགས་དོ་ཡོདཔ་མ་ཚད་ ར་ཚུ་ བཟའ་སྤྱོད་འབད་ནི་གི་ རྩྭ་ཚུ་ཡང་གངམ་མེདཔ་ལས་ བསིལ་ལྡན་ས་ཁོངས་ནང་ སྤོ་བཤུད་འབདཝ་ཨིན་ཟེར་ སེམས་ཅན་ཚེ་ཐར་ཚོགས་པ་ གཞི་བཙུགས་གནང་མི་ བླམ་ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཚེ་ཐར་བཏང་མི་ ར་དེ་ཚུ་ ཐིམ་ཕུ་དང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ལས་ བསྡུ་བསྒྱོམས་འབད་ཐོག་ལས་ ལུང་བསྟན་ཟམ་པ་ལུ་ བཞག་ཡོདཔ་ད་ ཚོགས་པ་དེ་གིས་ ད་རུང་ གླང་༡༧༤ དང་ ཕགཔ་ལེ་ཤ་ཅིག་ སྲོག་སྐྱབས་འབད་དེ་ ཨུ་མཛོ་རོང་དང་ ར་ལྡི་ལུ་ ཚེ་ཐར་བཏང་བཞག་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ སྒོ་ནོར་སེམས་ཅན་༦༠༠ དེ་ཅིག་ ཚེ་ཐར་བཏང་ཡོད་པའི་གནས་ཚུལ།

No comments:

Post a Comment