རྒྱ་གར་གྱི་ ཚོང་པ་ཚུ་གིས་ དངུལ་ཀྲམ་མ་ལེན་པ་ཅིན་ ཨ་རྟག་བཟུམ་སྦེ་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
![]() |
ཚོང་འབྲེལ་གནས་སྟངས་ལེགས་ཤོམ་ཡོད་པའི་ རྩི་རང་ཁྲོམ། |
༉ རྩི་རང་དང་ དར་དཀར་ནང་གི་ ཚོང་པ་ཚུ་ཡང་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཏེ་ ཚོང་འབྲེལ་སྒོ་བསྡམ་དགོཔ་འཐོན་ནི་ཨིན་པའི་ འཇིགས་སྣང་བྱུང་དོ་ཡོདཔ་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཚོང་ཁང་གི་དོན་ལུ་ ཚོང་བཏོན་ནི་འབད་ ཕུན་ཚོགས་གླིང་ཇའི་སྒང་ལུ་སོངམ་ད་ ཚོང་པ་མང་ཤོས་ར་ ཚོང་ཆས་དུམ་གྲ་རེ་འབག་སྟེ་ ལོག་འོང་དགོཔ་བྱུངམ་ལས་ སེམས་མ་དགའ་བར་ཡོདཔ་ཨིན་པས།
ཚོང་པ་ཚུ་ལུ་ འཇིགས་སྣང་བྱུང་དོ་བཟུམ་སྦེ་ དགེ་ལེགས་ཕུག་གི་ ས་མཚམས་བདའ་སྟེ་སྡོད་མི་ རྒྱ་གར་གྱི་ཚོང་པ་ཚུ་ལུ་ཡང་ བྱུང་ཡོདཔ་ལས་ གནས་སྐབས་ཅིག་ ཁོང་གིས་ དངུལ་ཀྲམ་ཚུ་ ངོས་ལེན་འབདཝ་ཨིན་མས།
རྩི་རང་དང་ དར་དཀར་ནང་གི་ཚོང་པ་ཚུ་གིས་ ས་ཐག་ཉེ་ཧིང་དང་ སྐྱེལ་འདྲེན་གྱི་གོང་ཚད་ ཁེ་ཧིང་དང་འཁྲིལ་ ཚོང་ཆས་ཚུ་ དགེ་ལེགས་ཕུག་ལས་ རྒྱ་གར་གྱི་ སྦུང་ཚོང་བཙོང་མི་ཚུ་ནང་ལས་ ཉོ་དོ་ཡོདཔ་ཨིན་པས།
རྩི་རང་ལྕང་ལྕེ་ལས་ ཚོང་པ་བི་བི་ཁ་རལ་གྱིས་ བཤད་མིའི་ནང་ ཁོ་གིས་ ཇའི་སྒང་ལས་ ལགཔ་སྟོང་འབད་ཐེངས་གཉིས་ལོག་པའི་ཤུལ་ལུ་ ཟླཝ་འདི་ནང་ ཁོ་གིས་ ཚོང་ཆས་ཚུ་ ཁ་སྐོང་བཙུགས་ཅི་ཟེར་ཨིན་པས།
གལ་སྲིད་ དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ ཡུན་རིངམོ་སྦེ་སྡོད་པ་ཅིན་ ཁོ་གི་ཚོང་ཁང་དེ་ སྒོ་བསྡམ་དགོཔ་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
རྩི་རང་མནྜལ་སྒང་ལས་ སྣ་ཚོགས་ཚོང་ཁང་གི་ཇོ་བདག་ སྐྱེས་ལོ་༤༤ ལང་མི་ རྡོ་རྗེ་གིས་འབད་བ་ཅིན་ ད་ཚུན་ལུ་ རྒྱ་གར་གྱི་ སྦུང་ཚོང་འཐབ་མི་ཚུ་གིས་ དངུལ་ཀྲམ་ཚུ་ ངོས་ལེན་འབདཝ་མས་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ རྒྱ་གར་གྱི་སྦུང་ཚོང་འཐབ་མི་གིས་ དངུལ་ཀྲམ་ལེན་ནི་ལུ་ སེམས་དང་མ་ལྡན་པའི་ བརྡ་མཚོན་སྟོན་དོ་ཡོད་མི་དེ་ཡང་ དམིགས་བསལ་གྱི་ བརྗེ་སོར་སྦོམ་སྦེ་ འབད་དགོཔ་ཐོནམ་ད་ལུ་བྱུངམ་ཨིན་པས། རུ་པི་ལང་མ་ཚུགས་པའི་དཀའ་ངལ་བྱུང་མི་དང་ དེ་བསལ་ཐབས་ཀྱི་ཐབས་ལམ་ཉུང་སུ་ཅིག་ལས་མེད་མི་གིས་ དཀའ་ངལ་ཚུ་ ཧེང་སྐལ་ར་ ཡར་སེང་འགྱོ་ནིའི་ གཞི་གནད་ཅིག་ཨིན་མས་ཟེར་ཨིན་པས།
རྩི་རང་དང་ དར་དཀར་ནང་གི་ སྣ་ཚོགས་ཚོང་ཁང་ནང་ ཚོང་ཆས་མངམ་བཀྲམ་སྤེལ་འབད་མི་ དགེ་ལེགས་ཕུག་ལས་ སྦུང་ཚོང་གི་ཚོང་འབྲེལ་འཐབ་མི་ཇོ་བདག་ དྷེ་བར་ཅན་གྱིས་འབད་བ་ཅིན་ འབྲུག་པའི་དངུལ་ཁང་ནང་ལས་ ཌི་མཱན་ཌཕ་ཚུ་མཁོ་སྤྲོད་འབད་དེ་ རུ་པིའི་ཐོག་ལུ་སྤྲོད་དགོཔ་མེད་པ་ཅིན་ ཅ་ཆས་ཚུ་འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།
ཚོང་པ་ཚུ་གིས་ ཆུམ་གནས་གོང་ དངུལ་ཀྲམ་ ༢༥༠,༠༠༠ དེ་ཅིག་འབད་མི་ ཊག་དོས་ཚུ་ ནང་འདྲེན་འབདཝ་ད་ ཚོང་ཁྲལ་དང་ ཅ་དམ་ཁྲལ་བཏོག་པའི་ཤུལ་ལུ་ འབྱོར་རྟགས་ཚུ་ དངུལ་ཁང་ནང་བཙུགས་ཞིནམ་ལས་ དངུལ་ཁང་ནང་ལས་ ཌི་མཱན་ཌཕ་ཚུ་ ཚོང་ཉོ་མིའི་ཐོག་ལུ་འབད་གནང་པ་ཅིན་ བཏུབ་ནི་མས་ཟེར་ཨིན་པས།
རྒྱ་གར་གྱི་ སྦུང་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ རུ་པི་གི་དཀའ་ངལ་དེ་ དུས་ཡུན་རིངམོ་འབད་ར་ མི་སྡོདཔ་འོང་ཟེར་ཨིན་པས།
གལ་སྲིད་ འདི་གིས་ གནོད་ཉེན་ཚུ་འབྱུང་པ་ཅིན་ འབྲུག་པའི་ཚོང་པ་ཚུ་གིས་མ་དོ་བར་ ང་བཅས་ཀྱི་ འཚོ་བའི་གནས་སྟངས་ལུ་ཡང་ བྱེམ་ཕོག་འོང་ཟེར་ཨིན་པས།
ད་ལྟོ་ ང་བཅས་ཀྱི་ ཚོང་འབྲེལ་མཐར་འཁྱོལ་བྱུང་ཡོད་མི་དེ་ཡང་ ཚོང་མགྲོན་པ་ མང་ཤོས་ར་ འབྲུག་མི་ཚུ་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
རྩི་རང་དང་ དར་དཀར་ནང་གི་ གཡུས་ཚན་ཁག་སོ་སོ་ཚུ་ནང་གི་ མི་སེར་ཚུ་གིས་ ཁོང་རའི་ གཡུས་སྒོའི་ཚོང་ཁང་ཚུ་ནང་ལས་ ཟ་ཆས་ཚུ་ ཐོབ་མ་ཚུགས་ནི་དེ་གིས་ རྩི་རང་ཁྲོམ་ཁར་ མཁོ་ཆས་ཚུ་ཉོ་བར་ འོང་དོ་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment