གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༣/༡༠/༢༠༡༢
ཨེ་མི་རི་ཀ་ ནིའུ་ཡོག་ལུ་ འབྲུག་མི་སྤྱི་མཐུན་ཚོགས་པ་གིས་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ནིའུ་ཡོག་ལུ་སྡོད་མི་ འབྲུག་པའི་མི་སྡེ་ཚུ་དང་གཅིག་ཁར་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཞུང་གི་འཐུས་མི་ཚུ་ལུ་ ཕྱི་རུའི་ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚོགས་སྟོན་སྐབས་ལུ་ ཚོགས་པའི་གཙོ་འཛིན་ བློ་གྲོས་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༡༤ ལུ་ གཞི་བཙུགས་འབད་མི་ འབྲུག་མི་སྤྱི་མཐུན་ཚོགས་པའི་ དམིགས་ཡུལ་དང་ དགོས་པ་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།དེ་ལས་ གཙོ་འཛིན་གྱིས་ བློན་ཆེན་མཆོག་ལུ་ དབང་འདུས་ཕོ་བྲང་རྫོང་ བསྐྱར་བཞེངས་དོན་ལས་ ནིའུ་ཡོག་ལུ་སྡོད་མི་ འབྲུག་པའི་མི་སྡེ་ཚུ་གིས་ ཞལ་འདེབས་ཕུལ་མི་ ཡུ་ཨེསི་ཌོ་ལར་༥,༢༠༠ འབད་མི་དེ་ཡང་ ཕུལ་ཡོདཔ་ཨིན་པས།ནིའུ་ཡོག་ལུ་སྡོད་མི་ འབྲུག་པའི་མི་སྡེ་ཚུ་གིས་ ཧེ་མ་ཡང་ དབང་རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ ཞལ་འདེབས་ཡུ་ཨེསི་ཌོ་ལར་༡༤,༦༥༠ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment