གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་དྲུང་ཆེན་བགྲེསཔ་གིས་ སྲིད་ཚོགས་ནང་འབྲེལ་གཏོགས་ཀྱི་ གདམ་ཁ་རྐྱབ་ནི།

༤/༡༠/༢༠༡༢    ༉ སྲིད་དོན་ནང་ འབྲེལ་གཏོགས་ཀྱི་དང་འདོད་ཅན་མང་ཤོས་ཅིག་གིས་ རང་སོའི་བློ་འདོད་ལྟར་དུ་སྦེ་ སྲིད་དོན་ཚོགས་པ་ཚུ་ གདམ་ཁ་རྐྱབ་ཐོག་ལས་ འཐུས་མིའི་གྲངས་སུ་ འཛུལ་བཞུགས་འབདཝ་ཨིན་རུང་ གསོ་བའི་དྲུང་ཆེན་བགྲེསཔ་ ཌོག་ཊར་དགའ་མདོག་ཚེ་རིང་གིས་ སྲིད་དོན་ནང་བཅའ་མར་གཏོགས་ནི་དེ་ མ་འདྲཝ་ཅིག་སྦེ་ཡོད་མི་དེ་ཡང་ སྲིད་ཚོགས་དེ་ འདེམས་ཁོངས་ནང་ ཁོ་ལུ་རྒྱབ་སྐྱོར་འབད་མི་ཚུ་དང་ མཉམ་འབྲེལ་ཐོག་ གདམ་འཐུ་འབད་དེ་ འཐུས་མིའི་གྲངས་སུ་ འཛུལ་བཞུགས་འབད་འོང་ཟེར་ཨིན་པས།


མ་གཞི་ཁོ་གིས་ ཞི་གཡོག་ནང་ལས་དགོངས་ཞུ་འབད་མི་དེ་ གཙོ་བོ་ར་ རྒྱལ་ཁབ་ནང་ མི་སེར་ཉམ་ཆུང་གི་དོན་ལུ་ སྒེར་གྱི་གསོ་བའི་ཞབས་ཏོག་ལེགས་ཤོམ་ཅིག་ བཙུགས་ནིའི་དམིགས་ཡུལ་ཐོག་ དགོངས་ཞུས་འབད་ཡོདཔ་ཨིན་རུང་ ཧཱ་མི་སེར་ཚུ་གིས་ ཁོ་ལུ་འདེམས་ངོ་སྦེ་ སྲིད་དོན་ནང་ བཅའ་མར་གཏོགས་དགོཔ་སྦེ་སླབ་མི་ལུ་བརྟེན་ ད་རེས་དམངས་གཙོའི་རིང་ལུགས་ གཞི་འགྱམ་གྱི་ར་བཙུགས་པའི་ནམ་དུས་ལུ་ རྒྱབ་སྐྱོར་མ་འབད་བར་ རྒྱབ་བཤུད་རྐྱབ་སྡོད་ནི་དེ་ འོས་ལྡན་མེདཔ་ལས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཁོ་གིས་ བརྡ་བརྒྱུད་ཅིག་ནང་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འཛུལ་བཞུགས་ཀྱི་གསལ་བཀོད་འབད་མི་དེ་ མ་བདེནམ་སྦེ་སླབ་ཐོག་ལས་ ཀུན་གསལ་ལུ་ སླབ་མིའི་ནང་ འབྲུག་སྤྱིར་དབང་ཚོགས་པའི་འཐུས་མི་དག་པ་ཅིག་གིས་ ཁོ་སྡོད་སར་འོང་ཡོད་རུང་ ཚོགས་པ་དེ་ནང་ འཛུལ་ནི་གི་ཁ་མ་བཟེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་གསརཔ་ག་དེ་མང་མང་གཞི་བཙུགས་འབད་མི་དེ་ རྩ་ཁྲིམས་ཅན་གྱི་རང་དབང་ཨིན་པའི་ཁར་ རྒྱལ་ཁབ་ལུ་ཕྱག་ཞུ་ནི་གི་དཔའ་བཅམ་འབད་མི་དེ་ ལེགས་ཤོམ་ཨིན་རུང་ སྲིད་ཚོགས་དེ་ ག་ཅི་བཟུམ་ཅི་ཨིན་ན་ མི་མང་ལུ་ བརྡ་སྤེལ་འབད་དགོ་འདུག་ཟེར་ སླབ་ཨིན་པས།
སྲིད་ཚོགས་གསརཔ་ཅིག་གིས་ཡང་ ངོས་ལེན་མ་འབདཝ་ལས་ར་ འཐུས་མིའི་གྲས་ཁར་ཨིནམ་བཟུམ་སྦེ་ བརྡ་བརྒྱུད་ཚུ་ནང་གསལ་བཀོད་འབད་ནི་དེ་ ཚུལ་མཐུན་ཅིག་མ་མཐོངམ་མ་ཚད་ ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ཚུ་གིས་ དར་ཁྱབ་གཏང་ནིའི་དོན་ལུ་ བརྡ་བརྒྱུད་ཚུ་ནང་ གསལ་བསྒྲགས་འབད་བའི་ དོགས་ཟོན་ཡང་འཆརཝ་མས་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ སྲིད་ཚོགས་ཡོད་རུང་མེད་རུང་ གཞུང་སྐྱོང་དང་ ལྡོག་ཕྱོགས་༢ ཨིནམ་ལས་ ཁོ་དང་ རྒྱབ་སྐྱོར་བ་ཚུ་གིས་ གཙོ་བོ་ར་ རྩ་བ་གསུམ་ལུ་ཕྱག་ཞུ་མི་ མི་སེར་ཉམ་ཆུང་གི་སྐྱིད་སྡུག་བལྟ་མི་ཅིག་ གདམ་ཁ་རྐྱབ་དགོཔ་འོང་ཟེར་ཨིན་པས།
ཁོ་གིས་གསལ་བཤད་འབད་མིའི་ནང་ སྲིད་ཚོགས་གསརཔ་ལེ་ཤ་ར་ཡོདཔ་ལས་ དེ་ཚུ་ག་ར་ཐོ་བཀོད་གྲུབ་པ་ཅིན་ མི་སེར་ཚུ་གི་ བསམ་ཚུལ་ལུ་ འགྱུར་བ་འགྱོ་ནི་གི་གོ་སྐབས་ཡོད་རུང་ ད་ལྟོའི་གནས་སྟངས་ནང་བཟུམ་འབད་བ་ཅིན་ ཁོ་གི་རྒྱབ་སྐྱོར་བ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དེ་ར་ དང་འདོད་བསྐྱེད་དེ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
སྲིད་ཚོགས་ག་གི་ འཐུས་མིའི་གྲངས་སུ་འཛུལ་བཞུགས་འབད་ནི་ཨིན་ན་ ཁོ་གིས་ ཟླཝ་འདི་གི་ཟླ་མཇུག་ཁམས་ལུ་ མི་སེར་དང་རྒྱབ་སྐྱོར་བ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ མཐའ་བཅད་འབད་ནི་ཨིན་རུང་ ཚོགས་པ་དེ་གཙོ་བོ་ར་ ངོ་རྐྱང་ལུ་བལྟ་ནི་མེན་པར་ སྤྱིར་བཏང་ རྒྱལ་ཁབ་ཀྱི་དོན་ལུ་ གཙོ་རིམ་བཟུམ་མི་ཚོགས་པ་ཅིག་ར་ གདམ་ཁ་རྐྱབ་འོང་ཟེར ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment