གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལུ་ མ་དངུལ་སོར་ཆུད་ཀྱི་ འཁྲུན་ཆོད་ཕྱི་འགྱུར?

༡/༡༠/༢༠༡༢     དེ་ཡང་ ཁག་འབགཔ་གིས་ གཞུང་ལུ་ དངུལ་ཀྲམ་ས་ཡ་༡༢ ལྷགཔ་ཅིག་ ལོག་བཙུགས་དགོ་པའི་ ཉེས་འཛུགས་འབད་ཡོད་རུང་ གཞུང་གིས་ ཁག་འབགཔ་ལུ་ སྤྲོད་དགོཔ་ཨིན་པས།

༉ བཀྲིས་སྒང་རང་འབྱུང་ལག་གཡོག་སྦྱོང་བརྡར་སྤེལ་ཁང་གི་ བཟོ་སྐྲུན་དང་འབྲེལ་བའི་ ངན་ལྷན་ལག་ལེན་ནང་ ཁག་འབགཔ་དང་ གཞུང་གི་འགོ་དཔོན་༢ ལུ་ ནང་གསུག་སྤྲོད་ལེན་དང་ མ་དངུལ་སྒེར་སྤྱོད་ རྩིས་བཱིལ་ཐེབས་སྤྲོད་མི་ལ་སོགས་པའི་ ཉེས་འཛུགས་འབད་མི་ མང་ཤོས་ར་ རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མ་དངུལ་ས་ཡང་༥༨ ལྷགཔ་ཅིག་འབད་མི་ སྤེལ་ཁང་གི་ བཟོ་སྐྲུན་འབད་མི་ དྭངས་གླིང་བཟོ་སྐྲུན་ལས་སྡེའི་ཁག་འབགཔ་ རིག་འཛིན་རྡོ་རྗེ་དང་ ལས་འགུལ་གྱི་ རྩིས་འཛིན་པ་ བསམ་གཏན་དབང་འདུས་ ས་ཁོངས་ཀྱི་ བཟོ་རིག་པ་ ཀརྨ་དོན་གྲུབ་༣ མགུ་མཐུད་ཐོག་ལས་ དངུལ་ཀྲམ་ས་ཡ་༣༡ ལྷགཔ་ཅིག་ ལམ་མི་ལྷན་ཁག་ལས་ ཐེབས་ཐོབ་བརྗོད་བཀོད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
མ་དངུལ་ཐེབས་ལེན་ནིའི་དོན་ལུ་ ཁག་འབགཔ་རིག་འཛིན་རྡོ་རྗེ་གིས་ འགོ་དཔོན་དེ་གཉིས་ལུ་ ནང་གསུག་དངུལ་ཀྲམ་ས་ཡ་༡.༠༧ སྤྲོད་ཡོདཔ་སྦེ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་གནང་མི་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩིས་འཛིན་པ་ བསམ་གཏན་དབང་འདུས་ཀྱིས་ ཁག་འབགཔ་ལས་ དངུལ་ཀྲམ་༡༧༩,༨༧༠ དང་ ས་ཁོངས་བཟོ་རིག་པ་  ཀརྨ་དོན་གྲུབ་ཀྱིས་ དངུལ་ཀྲམ་༩༤༩,༦༩༠ ལེན་མི་དེ་ རྩ་ཕན་ཚུ་གི་བར་ན་ དངུལ་གྱི་འབྲེལ་བ་འཐབ་པའི་ རྩིས་བཅུད་ལུ་ དབྱེ་ཞིབ་མཛདཔ་ད་ གསུག་འབུལ་མིན་པར་ བརྙ་བསྐྱི་ཐོག་ལེན་པའི་ མངོན་གསལ་བྱུང་་ཡོདཔ་ལས་ གསུག་འབུལ་གྱི་ ཉེས་འཛུགས་གཉིས་ཆ་ར་ ཕྱིར་འབུད་བཏང་སྟེ་ ཁག་འབགཔ་ལུ་ སྐྱིན་ཚབ་སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
ད་རུང་ བསམ་གཏན་དབང་འདུས་ཀྱིས་ ལཱ་དང་འགན་འཁྲི་བསྟར་སྤྱོད་མ་འབད་བར་ རྒྱབ་ཁར་སྐྱུར་ཏེ་ བཞག་ཡོདཔ་མ་ཚད་ ཁག་འབགཔ་གི་ རྩིས་བཱིལ་ཚུ་ཡང་ དངུལ་འབྲེལ་གྱི་ ལམ་ལུགས་དང་འཁྲིལ་ བདེན་དཔྱད་མ་འབད་བར་ ཁག་འབགཔ་ལུ་ ལོག་སྤྱོད་འབད་བཅུག་པའི་ ཡིག་ཚང་བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་འབད་མིའི་ཐད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལན་ཐེངས་༣ རེ་ རྩིས་ཞིབ་འབད་ཚར་ཏེ་ གཞུང་རྩིས་ནང་ སོར་ཆུད་འབད་དགོཔ་ཚུ་ཡང་ རྩིས་སྙོམས་འབད་ཚར་བའི་ཁར་ མཐན་བཅད་ཀྱི་ རྩིས་བཱིལ་ཚུ་ རྩིས་སྙོམས་འབད་མ་ཚར་བར་ཡོདཔ་ལས་ ཡིག་ཚང་བྱ་སྤྱོད་ངན་པ་འཐབ་པའི་གྲངས་སུ་ བརྩི་ཐབས་མེདཔ་རས་ ཉེས་འཛུགས་དེ་ ཕྱིར་འབུད་བཏང་ནུག།
དེ་ལས་ བསམ་གཏན་དབང་འདུས་ཀྱིས་ ཁག་འབགཔ་རྩིས་བཱིལ་ཐེངས་༤-༥ པ་ལས་ དངུལ་ཀྲམ་༥༥,༠༠༠ དང་ གློག་མེའི་རྩིས་བཱིལ་ལས་ དངུལ་ཀྲམ་༤༥༠,༠༠༠ འབདཝ་ད་ བསྡོམས་ཀྱིས་ དངུལ་ཀྲམ་༥༠༥,༠༠༠ ཚུལ་མིན་སྤྱོད་ཡོད་པའི་ ཉེས་འཛུགས་འབད་མིའི་ཐད་ལུ་ རྩོད་ཟླ་དེ་ གར་སོང་མེད་པར་ ཁྲིམས་ཀྱི་འདུན་སར་ བཅར་ཐབས་མ་བྱུང་པའི་ཁར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ མི་ངོ་དེ་གི་ ཁ་བྱང་དང་ སྡོད་གནས་གཏན་འཁེར་མེདཔ་ལས་ འཛིན་བཟུང་འབད་མ་ཚུགས་པའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ ཤུལ་ལས་ མི་དེ་ཐོབ་ད་ རྩོད་བཤེར་འགོ་བཙུགས་ཆོག་པའི་ འཁྲུན་ཆོད་གནང་ནུག།
བཟོ་རིག་པ་ ཀརྨ་དོན་གྲུབ་ཀྱིས་ ཁག་འབགཔ་གི་ མིང་ཐོག་ཁར་ དངུལ་ཀྲམ་༦༢༩,༦༨༥ འབད་མི་ བཱསི་ཀེཊ་བཱོལ་རྩེད་ཐང་རྐྱབ་དེ་མི་ བཟོ་སྐྲུན་གྱི་ལཱ་ཚུ་ ལྟ་རྟོག་མ་འབད་བར་ སྣང་མེད་སྦེ་བཞག་པའི་ དགའ་ཚོར་ལུ་ཨིན་པའི་ ཉེས་འཛུགས་འབད་མིའི་ཐད་ལུ་ ཁྲིམས་འདུན་ལས་ དབྱེ་ཞིབ་འབདཝ་ད་ དགའ་ཚོར་གྱི་ཐོག་ལུ་ སྤྲོད་སྤྲོདཔ་མིན་པའི་ མངོན་རྟགས་བྱུང་ནུག།
དེ་ལས་ ཁག་འབགཔ་རིག་འཛིན་རྡོ་རྗེ་གིས་ ཁག་འབགཔ་གི་ འགན་འཛིན་བར་རྐྱེན་དང་ ཉེན་བཅོལ་མ་འབད་བའི་ ཉེས་འཛུགས་དང་ ལཱ་མ་འབད་བའི་ དངུལ་སྤྲོད་དང་ དངུལ་གཉིས་ལྟབ་ རྩིས་བཱིལ་ལྷག་ཐེབས་སྤྲོད་སྤྲོདཔ་ ཐོབ་ལམ་མེད་པའི་ དངུལ་སྤྲོད་འབད་མི་ ཚད་འཇལ་གཡོ་སྒྱུ་དང་ གོང་ཚད་གཡོ་སྒྱུའི་ཐོག་བཀོད་པ་ ཁྲིམས་མཐུན་མིན་པའི་ གོང་ཚད་ཡར་སེང་ཐོབ་བརྗོད་བཀོད་པའི་ ཉེས་འཛུགས་ཚུ་ཡང་ ཕྱིར་འབུད་བཏང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩིས་ལས་འབད་བ་ཅིན་ ཁག་འབགཔ་རིག་འཛིན་རྡོ་རྗེ་གིས་ གཞུང་ལུ་ མ་དངུལ་ས་ཡ་༡༣ དེ་ཅིག་ བཙུགས་དགོཔ་སྦེ་ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱས་ རྩིས་ཞིབ་ལན་ཐེངས་༣ འབད་མི་དང་འཁྲིལ་ ཁག་འབགཔ་གིས་ དངུལ་ཀྲམ་ས་ཡ་༡.༣༣༢ བཙུགས་ཡོདཔ་བཞིན་དུ་ ཁག་འབག་པའི་ འཇལ་ཚད་དང་ ས་ཁོངས་བཟོ་རིག་འགོ་དཔོན་གྱིས་ བདེན་དཔྱད་འབད་མི་དང་འཁྲིལ་ ཐོབ་རྩིས་དངུལ་ཀྲམ་ཡོངས་བསྡོམས་ས་ར་༧༤.༢ ཐོག་ལས་ ཚོང་ཁྲལ་འོང་འབབ་བརྒྱ་ཆ་༢ འབདཝ་ད་ དངུལ་ཀྲམ་ས་ཡ་༡.༤༨ བཏོག་པའི་ལྷག་ལུས་ དངུལ་ཀྲམ་ས་ཡ་༧༢.༧༩ ངེས་ཏིག་འཐོབ་དགོཔ་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཁག་འབགཔ་རིག་འཛིན་རྡོ་རྗེ་གིས་ ལས་མི་ལྷན་ཁག་ལས་ དངུལ་ཀྲམ་བསྡོམས་ས་ཡ་༦༢.༥༨༠ ཐོམ་ཡོདཔ་བཞིན་དུ་ དངུལ་ཀྲམ་ལྷག་ལུས་ས་ཡ་༡༢.༥༩༢ ཟླ་ངོ་༡ གི་ནང་འཁོད་ལུ་ ལྷག་ཁག་གིས་ ཁག་འབགཔ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ ཉེས་འཛུགས་ཚུ་ག་ར་ ཕྱིར་འབུད་བཏང་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment