གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོ་འགྲན་ཅན་གྱི་གྲོས་འཛོམས་ལས་རིམ།

༣༠/༥/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་ཀྱི་སྐབས་ལུ་ འདེམས་ངོ་གཅིག་གིས་གཅིག་ལུ་ གནད་དོན་ཚུ་གི་སྐོར་ གྲོས་བསྡུར་དོ་འགྲན་ཅན་སྦེ་ར་བྱུང་ཡོདཔ་ད་ གྲོས་འཛོམས་ཀྱི་སྐབས་ལུ་ གློག་མེའི་རྒྱུན་ལམ་ཆད་སོང་མི་ལུ་བརྟེན་ བར་མཚམས་བཞག་དགོཔ་བྱུང་ཡོདཔ་ཨིན་པས།
ཚོགས་པའི་འདེམས་ངོ་༤ གིས་ བསྐུལ་བསྒྲགས་འབད་བའི་བསྒང་།


འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ དུར་བ་ཆེ་ཏི་རི་གིས་ ང་གིས་ ཁྱེད་ཀྱི་རྒེད་འོག་ནང་ ཧེ་མ་ལས་མ་འོང་སྟེ་འབད་རུང་ གལ་སྲིད་ང་ལུ་རྒྱབ་སྐྱོར་འབད་བ་ཅིན་ ང་གིས་ ཁྱེད་རེ་རེ་བཞིན་གྱི་ དཀའ་ངལ་ཚུ་ཉན་པར་འོང་ནི་ཨིན་ཟེར་སླབ་ཨིན་པས།
ཁོ་གིས་ གསལ་བསྒྲགས་དེ་མཇུག་བསྡུཝ་ཅིག་ གློག་མེའི་རྒྱུན་ལམ་ཆད་སོང་མི་ལུ་བརྟེན་ གྲོས་འཛོམས་བར་མཚམས་བཞག་དགོཔ་བྱུང་བའི་ཁར་ འབྲུག་རྒྱང་བསྒྲགས་ཡང་ གྲོས་འཛོམས་ཀྱི་སྐོར་ལས་ སྒྲ་བཟུང་འབད་བའི་བསྒང་ར་ཨིནམ་ལས་ དེ་ཡང་ཆད་སོང་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ དཔལ་བཟང་དབང་ཕྱུག་གིས་ ཚོགས་པ་དེ་ མི་མང་གིས་ གཞུང་སྐྱོང་འབད་ནི་ལུ་ ཆ་བཞག་ཚུགས་པའི་ཚོགས་པ་ཅིག་ཨིན་ཟེར་ཨིནམ་ད་ ང་བཅས་མི་སེར་དང་ གཞུང་གཉིས་ལགཔ་མཐུད་དེ་ ལཱ་འབད་བ་ཅིན་ གཞུང་གིས་ མི་སེར་གྱི་ཞབས་ཏོག་ཞུ་ནི་ལུ་ ཧེང་སྐལ་ར་འཇམ་ཏོང་ཏོ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པའི་གཞུང་དེ་ མི་མང་གིས་ ཚེར་སྣང་ག་ནི་ཡང་མེད་པར་འབད་ཚུགས་པའི་གཞུང་ཅིག་སྦེ་ སྐྱོང་ནི་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་འཛོམས་ཀྱིས་ ཧེ་མའི་གཞུང་གིས་ ཕྱག་ལཱ་མཛད་པའི་སྐབས་ལུ་ མི་སེར་ཚུ་ གཞུང་ལུ་བཅར་མ་ཚུགས་པར་ སྡོད་ནུག་ཟེར་བའི་ལོ་རྒྱུས་རྩ་ལས་ར་གོ་མ་མྱོང་ཟེར་ཨིནམ་ད་ ང་བཅས་ཀྱི་ཚོགས་པ་དེ་གིས་ ལོ་ལྔའི་རིང་ལུ་ གཞུང་སྐྱོང་ལེགས་ལྡན་འབད་ཡོདཔ་མ་ཚད་ ང་བཅས་ཀྱི་ཚོགས་པ་ནང་ འདེམས་ངོ་སྒྲིང་སྒྲིང་ཙང་ཙང་ཡོད་ནི་དེ་གིས་ དོ་འགྲན་འབད་མི་ཚུགས་ནི་ཨིན་མི་ལུ་བརྟེན་ མ་བདེན་པའི་ ཁ་ཉེས་བཀལཝ་མས་ཟེར་ཨིན་པས།
དཔལ་བཟང་དབང་ཕྱུག་གིས་ ཡང་བསྐྱར་དུ་ དྲན་བསྐུལ་འབད་མིའི་ནང་ སྤྱི་ཚེས་༣༡ ལུ་ ཚོགས་རྒྱན་བཙུགས་པའི་སྐབས་སུ་ ན་འཐན་སེམས་དྲན་པ་བཏོན་ཐོག་ལས་ བཙུགས་དགོ་ཟེར་སླབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་འཛོམས་ཀྱིས་འབད་བ་ཅིན་ དུས་ནམ་ར་འབད་རུང་ ཚོགས་པ་ག་ར་གིས་ ཉམ་ཆུང་གི་ཚོགས་པ་དང་ བཟའ་ཚང་སྤྱང་ཀའི་ནང་ལས་འོང་མི་ཚོགས་པ་ཚུ་ཨིན་ཟེར་སླབ་ཨིན་མས་ གལ་སྲིད་ མི་སེར་ལུ་ཕྱག་ཞུ་ནི་ར་ཨིནམ་འདྲཝ་འབད་བ་ཅིན་ ཉམ་ཆུང་གི་ཚོགས་པ་ཅིག་ར་ དགོཔ་མིན་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དཀར་རྒྱས་ཀྱིས་ ཚོགས་པ་གིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཁས་བླངས་ཚུ་འབད་དགོཔ་ཡོད་ཟེར་ཨིནམ་ད་ ཁས་བླངས་མ་འབད་བར་ ཚོགས་པའི་བཙག་འཐུ་འགྲུབ་མི་དེ་ འཛམ་གླིང་ནང་ག་ཡང་མེད་ཟེར་ཨིནམ་མ་ཚད་ ཁས་བླངས་འབད་ནི་དེ་ ག་ནི་བ་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ཨིན་པས།
ཚོགས་པ་གིས་ ཁས་བླངས་མ་འབད་བ་ཅིན་ མི་སེར་ཉམ་ཆུང་ ག་ནི་ཡང་མ་ཤེས་མི་ཚུ་ལུ་ མགུ་སྐོར་རྐྱབ་ནིའི་ཉེན་ཁ་ཡང་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ ཁས་བླངས་འབད་ཞིནམ་ལས་ འདི་གྲུབ་ཚུགས་པའི་ལཱ་ཅིག་འབད་ར་འབད་དགོ་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཇོ་མོ་གཙང་ཁ་- མར་ཚ་ལ་འདེམས་ཁོངས་ཀྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་བཤད་མིའི་ནང་ ད་ལྟོ་ཁོང་གིས་ གདམ་ཁ་མ་རྐྱབ་ཟེར་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ཚོགས་པའི་འདེམས་ངོ་ སྒྲིང་སྒྲིང་ཡོད་མི་འདི་ལུ་ར་ བཙུགས་དགོ་ཟེར་སླབ་མི་ཡང་ཡོདཔ་ཨིན་མས།
གྲོས་འཛོམས་ཀྱི་སྐབས་ལུ་ མི་༡༥༠ དེ་ཅིག་འཛོམས་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment