གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རྩིས་དང་འབྲེལ་བའི་ཉོགས་བཤད་ཀྱི་སྙན་ཞུ་ རྫོང་ཁག་ནང་བཏང་ཡོདཔ།

༢༩/༥/༢༠༡༣   ༉ ནང་སྲིད་ལྷན་ཁག་འོག་གི་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱིས་ གཞལམ་སྒང་རྫོང་ཁག་ ཝམ་གླིང་གཡུས་ཚན་གྱི་ ཁྱིམ་གུང་ཅིག་ནང་ མི་༣ གྱི་མི་རྩིས་ཐེབས་བཙུགས་ཡོདཔ་སྦེ་ ཉོགས་བཤད་བཀོད་མི་ལུ་ མི་རྩིས་འགོ་དཔོན་དང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་དེ་ སྙན་ཞུ་ཚུ་ རྫོང་ཁག་ནང་ བཏང་ཡོདཔ་ཨིན་པས།


ཞི་བའི་ཐོ་བཀོད་དང་ མི་རྩིས་སྡེ་ཚན་གྱི་ མི་རྩིས་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ ཞིབ་དཔྱད་འབད་བར་སོང་བའི་སྐབས་ འབྲེལ་བ་ཅན་གྱི་ མི་ཚུ་དང་ ཕྱད་མ་ཚུགས་པའི་དཀའ་ངལ་དང་ དུས་ཚོད་ཁར་ འོང་མ་བཏུབ་མི་ལུ་བརྟེན་ ཞིབ་དཔྱད་འབད་ནི་ལུ་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།
ཨིན་རུང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ མི་རྩིས་ནང་ མི་༣ ཚུད་ཡོད་ས་ལས་ མི་༡ གི་མིང་དེ་  ཉོགས་བཤད་བཀོད་མི་ སྐྱེས་ལོ་༧༦ ལང་མི་ ཨ་ཀུ་ཁོ་རའི་ བུ་ཨིནམ་བཞིན་དུ་ དེ་ཡང་ པདྨ་རྡོ་རྗེ་དེ་ གཞལམ་སྒང་ལུ་ མི་རྩིས་ནང་ ཚུད་ཡོདཔ་ཨིན་རུང་ ཁོ་གི་ མིང་དེ་ སོ་སོར་སྦེ་ སྤུ་ན་ཁ་ལུ་ཡང་ ཚུད་དེ་ཡོདཔ་ཨིན་པས།
བུ་གཅིགཔོ་དེ་ ཨ་ཀུ་དང་ ཁོ་རའི་ གནས་ཚང་གི་ ཨ་ལུ་ཨིནམ་ ངེས་བདེན་ཐོན་རུང་ གཞན་མི་ ཕོ་སྐྱེས་གཉིསཔ་དེ་ གཞལམ་སྒང་ཁྲོམ་ཁར་ སྡོད་མི་ ཨཔ་གཅིག་གིས་ ཁོ་གི་ ཨ་ལུ་ཨིན་ཟེར་སླབ་དོ་ཡོདཔ་ལས་ ཁོང་གཉིས་ཀྱི་ཐད་ཁར་ ཞིབ་དཔྱད་ཚུ་ མཐིལ་ཕྱིནམ་སྦེ་འབད་དེ་ རྫོང་ཁག་ནང་ བཏང་ཡི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ཐོ་བཀོད་འབད་ཞིནམ་ལས་ ཁྲིམས་ཁང་ནང་ གཏང་ནི་ཟེར་བའི་ ལོ་རྒྱུས་འདུག་ཟེར་ མི་རྩིས་འགོ་དཔོན་གྱིས་ བཤདཔ་ཨིན་པས།
འདས་པའི་ དྲི་བ་དྲིས་ལན་འབད་བའི་སྐབས་ ཨ་ཀུ་དེ་གིས་འབད་བ་ཅིན་ མི་རྩིས་ལས་ཁུངས་ཀྱིས་ མི་༣ དེ་ བཏོན་གཏང་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྫོང་ཁག་གིས་ ཁོང་༣ མི་རྩིས་ནང་ ག་དེ་སྦེ་ བཙུགས་བཙུགསཔ་ཨིན་ན་ ཞིབ་དཔྱད་ཚུལ་མཐུན་མ་འབད་ཚུན་ མི་རྩིས་ནང་ལས་ ག་ལྷོད་སྦེ་བཏོན་གཏང་ནིའི་དབང་ཚད་ ཁོང་ལུ་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment