གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངོ་ཤེས་མ་ཚུགས་པའི་ ཕུངམ་མཐོང་ཡོདཔ།

༣༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བསམ་རྩེ་རྫོང་ཁག་འོག་གི་ ས་མཚམས་ས་གནས་ དཱའུར་པ་ནི་ དོ་བཱེན་ཟེར་ས་ལུ་ ངོ་ཤེས་མ་ཚུགསཔ་ ཐལ་ཡོད་པའི་ མི་ཅིག་གི་ ཕུངམ་མཐོང་ཡོདཔ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ དྲོ་པའི་ཆུ་ཚོད་ཕྱད་དང་༡༠ དེ་ཅིག་ཁར་ བསམ་རྩེ་རྒེད་འོག་ནང་ དྲོ་པ་སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་གིས་ དྲིམ་ཚོར་ཏེ་ བལྟ་བར་འགྱོཝ་ད་ གཙང་ཆུའི་མཐའ་མར་ ཚལ་མ་ནང་མཐོངམ་ལས་ རྒེད་འོག་ལུ་ བརྡ་ལེན་འབད་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།



ས་མཚམས་དེ་ བསམ་རྩེ་རྫོང་ཁག་ལས་ ཆུ་ཚོད་༡ དེ་ཅིག་ སྣུམ་འཁོར་ནང་ འགྱོ་དགོ་པའི་ས་ཁར་ཨིནམ་ད་ དེ་ཡང་ བསམ་རྩེ་རྒེད་འོག་གི་ས་མཚམས་ཁར་ ཆུ་སྤྱི་འོག་གི་ཉེ་འདབས་ལུ་ཡོདཔ་ད་ མི་ཚུ་གིས་ གནམ་བྱཱར་ལུ་རྐྱངམ་གཅིག་ འགྱོ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསོ་བའི་སྨན་པ་ཚུ་གིས་ བརྟག་ཞིབ་འབད་ཡོད་རུང་ ཕུངམ་དེ་རུལ་སོ་ནི་དེ་གིས་ འབྲུག་མི་དང་ ཡང་ཅིན་ རྒྱ་གར་གྱི་མི་ཁུངས་ག་ཨིན་ན་ ཤེས་མི་ཚུགས་པས་ཟེར་ཨིནམ་ད་ ཕུངམ་དེ་ ས་མཚམས་ལས་ འབྲུག་པའི་ས་ཁར་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ཡོདཔ་ལས་ འབྲུག་པའི་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ དོརམ་ཧོནམོ་དང་ ཁེན་འཇར་དཀརཔོ་ དེ་ལས་ ལྷམ་དཀརཔོ་བཙུགས་ཏེ་ཡོད་མི་ཕུངམ་དེ་ ཞག་༣ དེ་ཅིག་ ལང་སོཔ་བཟུམ་འདུག་ཟེར་ཨིནམ་ད་ ཚེ་འདས་ཀྱི་དོརམ་ནང་ རྒྱ་གར་གྱི་རུ་པི་༢༠ འདུག་ཟེར་ཨིན་པས།
ཕུངམ་གི་ ཉེ་འདབས་ལས་ཕར་སྡོད་མི་ ག་ཡང་མེདཔ་ཨིན་རུང་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ གུང་པ་དག་པ་ཅིག་ སྡོད་མི་ཡོདཔ་ད་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ཚུ་ ཁ་ཙ་ ཞིབ་དཔྱད་འབད་བར་ འོང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་གཟུགས་ཁར་ རྨ་སྐྱོན་ཚུ་ ག་ནི་ཡང་མེད་པའི་ཁར་ བརྡུང་རྫོབ་འབད་བའི་ཤུལ་ཡང་མེདཔ་ལས་ རྒེད་འོག་བདག་སྐྱོང་གིས་ ས་ཁོངས་དེ་ནང་ར་ མེ་བཏང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment