གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགུ་ཏོ་གུ་ གྱི་བླུགས་བྱིན་པའི་ཉེས་ཁྲིམས་ ཟླཝ་༣ དང་ རྒུད་འཐུས་ཚུ་བཏབ་དགོཔ།

༢༡/༥/༢༠༡༣   ༉ རྩོད་ཟླ་ཅིག་གིས་ གཞལམ་སྒང་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ཡོད་རུང་ འཁྲུན་ཆོད་དེ་ དྲང་པོར་བཏོན་ཡོདཔ་ལས་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ བསྒྱུར་བཅོས་མེད་པའི་བཀའ་རྒྱ་གནང་ཡི།


འཕྲིན་ལས་ཀྱིས་ ཐོག་མའི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཁོ་ར་དང་ ཀརྨ་དབང་འདུས་༢  ནོར་ཉོ་བར་ གསར་སྤང་རྫོང་ཁག་ལས་ གཞལམ་སྒང་རྫོང་ཁག་ནང་ སོང་ཡོདཔ་བཞིན་དུ་ གཞལམ་སྒང་ཆ་འོག་ དཀར་ལྗོངས་དང་ འདུན་མང་ དེ་ལས་ སྐམ་ལྗོངས་སྤམ་ལས་ ནོར་༡༡ ཉོ་སྟེ་ བདའ་འོང་བའི་ལམ་ཁར་ འཐབ་འཛིང་བྱུང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༦ གི་ ཕྱི་རུའི་ཆུ་ཚོད་༥.༣༠ ལུ་ ནོར་ཚུ་བདའ་སྟེ་ ཚལ་མདངས་ཟམ་པར་ལྷོདཔ་ད་ ནོར་ཅིག་གིས་ ཟམ་གྱི་སྦུག་ལུ་ ཉལ་སྡོད་དེ་ འགྱོ་མ་བཏུབ་པར་སྡོད་པའི་སྐབས་ འཕྲིན་ལས་དང་ ཀརྨ་དབང་འདུས་ཀྱིས་ ཏི་རུ་ལྷག་ལུས་ཚུ་ རྩིས་རྐྱབ་ད་ དངུལ་ཀྲམ་༡༡༧,༠༠༠ ཡོད་མི་དེ་ ལྟོ་རས་ཅིག་ནང་ བསྡམས་ཞིནམ་ལས་ འཕྲིན་ལས་ལུ་ སྤྲོད་བཞག་སྟེ་ ལས་མི་འཚོལ་བར་ སོང་ཡོདཔ་ཨིན་པས།
དེ་བསྒང་ ལས་སྐྱིད་དབང་འདུས་ཟེར་མི་ ཕོ་སྐྱེས་ཅིག་འོང་སྟེ་ འཕྲིན་ལས་ལུ་ ཧས་བཏགས་འཚོལཝ་ད་ ཀརྨ་དབང་འདུས་ཀྱིས་ གྱི་ཅུང་བཏོན་ཏེ་ འཕྲིན་ལས་ལུ་ བླུགས་བྱིན་ཡོདཔ་མ་ཚད་ ཏི་རུ་འཕྱོགས་འབག་མི་དེ་ ཁྲིམས་འདུན་ལུ་ དབྱེ་ཞིབ་མཛད་དེ་ རྩོད་ཟླ་ལས་ ལོག་གནང་ནི་ཡོདཔ་ཅི་ཟེར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་བཏོན་མི་ བཀའ་རྒྱ་དང་འཁྲིལཝ་ད་ མཐོ་གཏུགས་པ་འཕྲིན་ལས་ཀྱིས་ རྩོད་ཟླ་ལས་སྐྱིད་དབང་འདུས་དང་མཉམ་ འཐབ་འཛིང་འབད་བའི་སྐབས་ དངུལ་ཀྲམ་༡༡༧,༠༠༠ འཕྱོགས་འབག་མི་དེ་ ཐོག་མའི་ཁྲིམས་འདུན་ལུ་ ཡིད་ཆེས་འདྲོངས་ཚུགས་པའི་དཔང་པོ་དང་ མངོན་རྟགས་ག་ཅི་ཡང་ བཏོན་ནི་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་ཀྱི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ བསྐྱར་ཞིབ་འབད་བའི་སྐབས་ རྩོད་ཟླ་གིས་ ཏི་རུ་འཕྱོག་འབག་པའི་སྐོར་ལས་ ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་ཡོད་རུང་ བཏོན་ནི་མེད་པའི་ཁར་ རྩོད་ཟླ་གིས་ འབག་འགྱོ་བའི་སྐོར་ ཀརྨ་དབང་ཕྱུག་བརྒྱུད་དེ་ ལོ་རྒྱུས་གོཝ་ཙམ་མ་གཏོགས་ མིག་མཐོང་ལག་བཟུང་མེདཔ་ལས་ མཐོ་གཏུགས་ཀྱི་ བཤེར་ཡིག་དེ་ ཕྱིད་འབུད་བཏང་སྟེ་ ཐོག་མའི་འཁྲུན་ཆོད་བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ རྩོད་ཟླ་ལུ་ རྒུད་འཐུས་དངུལ་ཀྲམ་༩༠༠༠ དང་ ཉེས་ཁྲིམས་ཟླ་ངོ་༣ བཀལ་ཡོད་མི་ལས་ ཟླཝ་༡ དང་ཞག་གྲངས་༧ དོ་དམ་འོག་ལུ་ སྡོད་ཡོདཔ་ལས་ ཟླཝ་༡ དང་ཞག་གྲངས་༢༣ གྱི་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment