གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༥/༢༠༡༣   འགོ་ཐོག་བཙག་འཐུ་རནམ་དང་བསྟུན་ སེམས་འཚུབ་དང་ཚ་གྱང་།
༉ སྲིད་དོན་ཚོགས་པ་༤ གིས་ སྤྱི་ཚོགས་༢ པའི་ འགོ་ཐོག་བཙག་འཐུའི་དོན་ལུ་ གཞུང་འབྲེལ་གྱི་ བསྐུལ་བསྒྲགས་འབད་ནིའི་ དུས་ཚོད་དེ་ ད་རིས་ལས་རྩིསཝ་ད་ ཉིནམ་༦ དེ་ཅིག་ལས་མེདཔ་ད་ དེ་ཡང་ ཆུ་ཚོད་༤༨ ཀྱི་རིང་ བསྐུལ་བསྒྲགས་བཀག་དམ་དུས་ཡུན་ མ་རྩིས་བར་ཨིན་མས།


སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཚོགས་རྒྱན་གྱི་ཉིན་མར་ སྲིད་ཚོགས་༤ གི་གྲས་ལས་ ཚོགས་རྒྱན་གྱི་གྱངས་ཁ་ མཐོ་ཤོས་ཐོབ་མི་ ཚོགས་པ་༢ རྐྱངམ་གཅིག་གིས་ སྤྱི་ཟླ་༧ པའི་བདུན་ཕྲག་༢ པམ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ ཡོངས་ཁྱབ་བཙག་འཐུའི་ནང་ དོ་འགྲན་འབད་ཚུགས་ནི་ཨིན་མས།
བསྐུལ་བསྒྲགས་བཀག་དམ་དུས་ཡུན་ནང་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་ ཚོགས་པའི་བསྐུལ་བསྒྱགས་དང་འབྲེལ་བའི་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་ཁར་ བརྡ་བརྒྱུད་ཚུ་གིས་འབད་རུང་ སྲིད་ཚོགས་ཚུ་དང་ འབྲེལ་བ་ཡོད་པའི་ གནས་ཚུལ་གང་རུང་ཚུ་ བསྡུ་བཀོད་འབད་མ་ཆོགཔ་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཚོགས་རྒྱན་བཙུགས་མི་ཚུ་ སེམས་འགྱུར་མི་བཅུག་ནི་དང་ རྒྱུད་བསྐུལ་འབད་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ཨིན་མས།
གཞུང་འབྲེལ་གྱི་ བསྐུལ་བསྒྲགས་དུས་ཡུན་ ཧ་ལམ་ མཇུག་བསྡུ་ནིའི་གུ་ ལྷོད་མི་ལུ་ལྟཝ་ད་ སྲིད་ཚོགས་ཚུ་དང་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ རང་སོའི་སེམས་ཐག་བཅད་དེ་ གྲ་སྒྲིག་ཐོག་ལུ་ཡོད་པའི་ རེ་བ་བསྐྱེདཔ་ཨིན་མས།
ད་ལྟོ་ཚུན་ གསར་ཤོག་དང་ མཐོང་ཐོས་ལ་སོགས་པའི་ བརྡ་བརྒྱུད་ཚུ་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ སྤྱིར་བཏང་གྲོས་འཛོམས་འཚོགས་མི་ཚུ་དང་ ཁྱིམ་སྒོ་བརྒྱུད་དེ་ བསྐུལ་བསྒྲགས་འབད་མི་ཚུ་ མི་མང་གིས་ བརྡ་དོན་འཐོབ་ཚུགས་ནིའི་ མཐའ་དོན་ལུ་དམིགས་ཏེ་ བསྡུ་བཀོད་ཐོག་ ཁྱབ་སྤེལ་ལེགས་པར་འབད་ཡི།
དེ་འབདཝ་ད་ ཞིང་ལཱ་གི་དུས་ཚོད་ འགོ་བཙུགསཔ་དང་འབྲེལ་ ཚོགས་རྒྱན་བཙུགས་མི་ སོ་ནམ་པ་ཚུ་ཡང་ འདུ་འཛི་ཐོག་ལུ་ སྡོད་དགོཔ་དང་བསྟུན་ ཚོགས་པ་ཚུ་གིས་ཡང་ གནད་དོན་གསརཔ་ཅིག་ ག་ནི་ཡང་ གསལ་བཤད་འབད་ནི་མེདཔ་ལས་ ཁ་ཉིནམ་ ཐིམ་ཕུ་སྨད་ཀྱི་ སྤྱིར་བཏང་གྲོས་འཛོམས་ཅིག་ནང་ གྲལ་གཏོགས་འབད་མི་ ག་ཡང་མ་འཐོན་ཨིན་མས།
ད་ལྟོ་ཚུན་ སྤྱིར་བཏང་ལུ་ལྟཝ་ད་ འདས་པའི་གཞུང་སྐྱོང་ཚོགས་པ་གིས་ གྲུབ་འབྲས་མཐར་འཁྱོལ་མི་ཚུ་གི་ སྒྲུབ་བྱེད་བཀོད་ནི་དང་འབྲེལ་ ཤུལ་མའི་ལས་འཆར་ཚུ་གི་སྐོར་ལས་ གསལ་བཤད་འབད་ནི་དང་ ཚོགས་པ་གསརཔ་ཚུ་གིས་འབད་རུང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ འབད་ནི་བཅའ་ནི་ཟེར་བའི་ ཁས་བླངས་ཚུ་འབད་བའི་ མངོན་གསལ་བྱུངམ་ཨིན་མས།
གནད་དོན་ལེ་ཤ་ཅིག་ནང་ ཚོགས་པ་ཚུ་གིས་ ཁས་བླངས་འབད་མི་ཚུ་ ཧ་ལམ་ ཆ་འདྲ་སུ་སྦེ་ཡོད་མི་དེ་ཡང་ ད་ལྟོ་ མཐའ་དཔྱད་མ་འབད་མི་ འཆར་གཞི་༡༡ པའི་ ཟིན་བྲིས་ཚུ་དང་འཁྲིལ་ཏེ་ བཟོ་ནི་དེ་གིས་ཨིནམ་འོང་ནི་མས།
ཕྱོགས་གཅིག་ལས་ལྟཝ་ད་ ཁས་བླངས་འབད་མི་ཚུ་གི་གྲས་ལས་ ལ་ལུ་ཅིག་ ཚད་ལས་བརྒལ་བའི་ ཁས་བླངས་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ད་ ཨིན་རུང་ དེ་གིས་ཡང་ ཚོགས་རྒྱན་བཙུགས་མི་ཚུ་ ངལ་རངས་ཚུགས་ནི་ཨིན་མས།
མི་སྡེའི་གནས་རིམ་ནང་ ཚོགས་པའི་ལས་བྱེདཔ་ཚུ་གི་ནང་འཁོད་ལུ་ སེམས་འཚུབ་དང་ ཚ་གྱང་ལང་དོ་ཡོད་པའི་ ལོ་རྒྱུས་ཚུ་ གོཝ་ཨིན་རུང་ ད་ལྟོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༡༠ དེ་ཅིག་གིས་ ཁོང་རའི་ཚོགས་པ་ཚུ་ གདམ་ཁ་རྐྱབ་མ་ཚད་ ནོར་བུ་འདྲ་བའི་ཚོགས་རྒྱན་དེ་ཡང་ འགྲེམ་ཐོག་བརྒྱུད་དེ་ བཙུགས་ཚར་ནུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment