གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ལུ་ སྐྱོན་བརྗོད་འབད་མི་ལུ་ དོགས་སེལ།

༢༩/༥/༢༠༡༣   ༉ ཁྱེད་མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ འབྲུག་སྤྱིར་དབང་ཚོགས་པ་དེ་ གོང་འཕེལ་འགྱོ་བའི་སྐབས་ སྲིད་ཚོགས་ལུ་ ཁ་བཏང་མི་ཡང་ ལེ་ཤ་ཅིག་ར་ ཐོནམ་ཨིན་མས་ཟེར་ ཁ་ཉིནམ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྤྱི་དོན་ཁང་ནང་སྦེ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་དང་ གྲོས་འཛོམས་འཚོགས་པའི་སྐབས་ སྲིད་ཚོགས་ཀྱི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་ཨིན་པས།

འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་དང་ གྲོས་འཛོམས་འཚོགས་པའི་བསྒང་།

དེ་ཡང་ མི་སེར་ལ་ལུ་ཅིག་གིས་ ནད་གཞི་ཀེན་སར་ཐོབ་མི་ཅིག་གིས་ མགུ་ཏོ་ཁར་ སྐྱ་རྫུས་མ་བཙུགས་ཏེ་ ཁ་ལས་ཤོབ་རྐྱབ་འོང་ཟེར་ སླབ་དོ་ཡོདཔ་ལས་ འདི་བཟུམ་སྦེ་ རྩ་ལས་ར་ མནོ་བསམ་བཏང་ནི་མི་འོང་ཟེར་ མོ་གིས་སླབ་ཨིན་པས།
མོ་གིས་ དོགས་སེལ་འབད་མིའི་ནང་ མོ་ར་ ཀེན་སར་ནད་གཞི་ལས་ དྲག་པའི་ཁར་ ད་རེས་ མགུ་ཏོ་ཁར་ཡོད་མི་སྐྱ་དེ་ཡང་ རྫུས་མ་མེན་པར་ ངོ་མ་ར་ཨིན་ཟེར་ཨིནམ་ད་ ཧེ་མ་མོ་ར་ན་སྟེ་ ཤི་ནིའི་གུ་ཐུག་པའི་སྐབས་ དཀོན་མཆོག་གསུམ་ལུ་ ང་ཤི་མ་བཅུག་པར་ ད་རུང་གོ་སྐབས་ཚར་ཅིག་གནང་པ་ཅིན་ ང་གིས་ མི་གཞན་ལུ་ ཆ་རོགས་འབད་ནི་ཨིན་ཟེར་བའི་ ཁས་བླངས་ཕུལ་ཡོད་མི་དང་བསྟུན་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་འོང་ཟེར་ཨིན་པས།
སྲིད་ཚོགས་ནང་ འཛུལ་བཞུགས་འབད་དགོ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ ཨིནམ་བཞིན་དུ་ ག་དེམ་ཅིག་སྦེ་ མོ་གིས་ དཀོན་མཆོག་གསུམ་ལུ་ ཁས་བླངས་ཕུལ་མི་དང་འཁྲིལ་ ཕྱག་ཞུ་མ་ཚུགས་པ་ཅིན་ མོ་རའི་ཚེ་སྲོག་ལུ་ཡང་ གནོད་པ་འབྱུང་འོང་ཟེར་ བཅའ་མར་གཏོགས་མི་ རྒྱབ་སྐྱོར་པ་ཚུ་ལུ་སླབ་ཅི།
མོ་གིས་འབད་བ་ཅིན་ ད་རུང་ མི་ལ་ལུ་ཅིག་གིས་ ང་ར་ སྐུ་འཁོར་ཚུ་དང་ སྤུན་ཆ་ཕོག་ཟེར་མི་དེ་ཡང་ མི་བདེན་ནི་དང་ འབྲུག་མཉམ་རུབ་ཚོགས་པའི་ མགར་སའི་འདེམས་ངོ་དེ་ ང་བཅས་ཀྱིས་ ཉོ་ནུག་ཟེར་མི་དེ་ཡང་ མི་བདེན་ཟེར་ དོགས་བསལ་འབད་ཡི།
མོ་གིས་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པའི་ནང་ དེ་སྦེ་ འདེམས་ངོ་ཉོ་ཚུགས་པའི་ ཏི་རུ་ཡོད་མི་ ག་ཡང་མེདཔ་མ་ཚད་ སྲིད་ཚོགས་ཀྱིས་ དེ་བཟུམ་མའི་ ངན་ལྷད་ཀྱི་ ལཱ་འབད་བ་ཅིན་ ཚོགས་པའི་དམིགས་གཏད་ལས་ཡང་ འགལ་བ་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ སྲིད་ཚོགས་རེ་གི་དོན་ལུ་ རྫོང་ཁག་རེ་ནང་ འཐུས་མི་༡༥ རེ་ འོང་དགོ་ནི་ཨིན་རུང་ བུ་ཊཱན་ཀུན་མཉམ་པ་ཊི་གི་ མགར་ས་ལུ་ འཐུས་མི་ཕུད་རྡོག་གཅིག་ལས་ མེད་ནི་དེ་གིས་ ང་བཅས་ཀྱིས་ ཁོང་གི་སྲིད་ཚོགས་ལུ་ གནོད་པ་བཀལ་བཀལཝ་བཟུམ་ཅིག་ མི་མཐོང་པས་ཟེར་སླབ་ཨིན་པས།
གཙོ་འཛིན་ལི་ལི་དབང་ཕྱུག་གིས་ འབད་བ་ཅིན་ ད་རུང་ མི་ལ་ལུ་ཅིག་གིས་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འདེམས་ངོ་མང་ཤོས་ར་ ཨ་ལུ་ན་གཞོན་ཚུ་ཨིན་མས་ཟེར་སླབ་སྟེ་ ཨ་ལུའི་ཚོགས་པ་ཟེར་ སྐྱོན་བཏགས་དོ་ཡོདཔ་ད་ གལ་སྲིད་ རྒྱལ་ཁ་འཐོབ་རུང་ ཨ་ལུ་ཚུ་གིས་ བློན་པོ་ག་དེ་སྦེ འབད་ཚུགས་འོང་ག་ཟེར་བའི་ ཁ་བཏང་མི་ཡང་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བློན་པོའི་གོ་གནས་བཀལ་ནི་ལུ་ བློན་པོ་བགྲེསཔ་དང་ དྲུང་ཆེན་བགྲེསཔ་ཚུ་ར་ དགོཔ་མེད་པའི་ཁར་ གོ་སྐབས་བྱིན་པ་ཅིན་ ན་གཞོན་ཚུ་ ལྕོགས་གྲུབ་ཅན་ ཙང་ཙང་ར་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ལ་ལུ་ཅིག་གིས་ ལི་ལི་དབང་ཕྱུག་དེ་ ཨམ་སྲུ་བུ་ཚུ་ཅིག་འབད་ནི་དེ་གིས་ བློན་ཆེན་ག་དེ་སྦེ་ འབད་ཚུགས་འོང་ག་ཟེར་ སླབ་དོ་ཡོདཔ་ད་ དེ་ལུ་ མོ་གིས་ དོགས་བསལ་འབད་མིའི་ནང་ མོ་ར་ སྲིད་ཚོགས་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ བློན་ཆེན་འབད་དགོ་མནོ་སྟེ་མེན་པ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ མོ་གིས་ བློན་ཆེན་འབད་མ་ཚུགས་ནི་འབད་བ་ཅིན་ བཅའ་མར་ར་ མ་གཏོགསཔ་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment