གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གིས་ གྲོས་འཛོམས་ལུ་ སྤྲོ་བ་མེད་པའི་གསལ་སྟོན།

༢༢/༥/༢༠༡༣   ༉ ལྷོ་ཐིམ་ཕུ་ཁྲོམ་གྱི་དོན་ལུ་ ཁ་ཙ་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནིའི་ ཚེས་གྲངས་ཨིན་རུང་ གྲོས་འཛོམས་ནང་ འོང་མི་ག་ཡང་མེདཔ་ལས་ ཆ་མེད་བཏང་དགོཔ་བྱུང་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་རྒྱབ་སྐྱོར་པ་ཕྱེད་ཀ་དེ་ཅིག་ ལྷོ་ཕྱོགས་ཐིམ་ནང་ཡོད་ནི་དེ་གིས་ གྲོས་འཛོམས་ནང་ གསལ་བཤད་འབད་ནིའི་དོན་ལུ་ གནད་དོན་ཚུ་ གྲ་སྒྲིག་འབད་ཡོད་རུང་ ག་ཡང་འོང་མ་བཏུབ་ཟེར་ཨིན་པས།



ཡེ་ཤེས་སྦྱིན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཙ་ དྲོ་པ་ གྲོས་འཛོམས་ཀྱི་ས་གནས་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ འོང་ལྟ་བའི་སྐབས་ ཁྲོམ་དཔོན་དང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་དག་པ་ཅིག་མ་གཏོགས་ ག་ཡང་ འོང་མི་མེདཔ་ལས་ གྲོས་འཛོམས་དེ་ བཤོལ་བཞག་འབད་ཡི་ཟེར་ཨིན་པས།
འདེམས་ངོ་གིས་འབད་བ་ཅིན་ གྲོས་འཛོམས་དེ་ ས་གནས་གཞན་ཁར་ འདས་པའི་ཞག་དག་པ་ཅིག་ནང་ཡང་ འགོ་འདྲེན་འཐབ་ཡོདཔ་ལས་ མི་ཚུ་གི་དོན་ལུ་ དགོས་མཁོ་ཡོདཔ་བཟུམ་ མི་མཐོང་མས་ཟེར་ཨིན་མི་དེ་ཡང་ འདས་པའི་གྲོས་འཛོམས་ཚུ་ནང་ བཅའ་མར་གཏོགས་མི་དང་ འདེམས་ངོ་ཚུ་གི་བར་ན་ སྐྱོན་བཏགས་པའི་གཞི་ལུ་ བསྒྱུར་བའི་ཁར་ མི་སེར་ཚུ་གི་བར་ན་ཡང་ དབྱེ་ཁག་ཕྱེ་ཏེ་ འདུག་ཟེར་ཨིན་པས།
ཨ་རྟག་ར་ གྲོས་འཛོམས་འགོ་འདྲེན་འཐབ་ནི་དེ་ ལེགས་ཤོམ་ཅིག་མེནམ་ལས་ ད་ལས་ཕར་ དེ་བཟུམ་འབད་དགོཔ་བཟུམ་ མི་མཐོང་མས་ཟེར་ འདེམས་ངོ་གིས་བཤད་ཅི།
གྲོས་འཛོམས་སྐབས་གསལ་བཤད་འབད་མིའི་ནང་ འདེམས་ངོ་ལ་ལུ་ཅིག་གིས་ འབད་མ་ཚུགས་པའི་ལཱ་དེ་ འདེམས་ངོ་ང་གིས་ འབད་ཚུགས་ཟེར་བའི་ ཁས་བླངས་ཚུ་འབད་ནི་འདུག་ཟེར་ཨིནམ་ད་ རྒྱབ་སྐྱོར་པ་ཚུ་གིས་ཡང་ གྲོས་འཛོམས་དགོཔ་མིན་འདུག་ཟེར་ སླབ་མས་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ལ་ལུ་ཅིག་གིས་ དམག་སྡེའི་དོན་ལུ་ ཐོབ་ལམ་དང་ དངུལ་ཕོགས་ཚུ་ བསྒྱུར་བཅོས་འབད་བྱིན་ནི་ཟེར་བའི་ ཁས་བླངས་ཚུ་ཡང་ འབད་ཡོདཔ་ལས་ གནས་ཚུལ་དེ་གིས་ དམག་སྡེའི་ནང་སྡོད་མི་ཚུ་ སེམས་དགའ་བཅུག་ཡོདཔ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་གྱི་རྒྱབ་སྐྱོར་ཡང་ ཁས་བླངས་འབད་མི་ ཚོགས་པ་དེ་ལུ་ མང་སུ་ཐོབ་ཡོདཔ་བཟུམ་གྱི་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ཨིན་རུང་ ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ དེ་བཟུམ་མའི་ཁས་བླངས་འབད་ནི་དེ་ མི་དབང་རྒྱལ་པོ་མཆོག་གི་ ཁས་དབང་རྐྱངམ་གཅིག་ཨིནམ་ལས་ འོས་ལྡན་མེད་ཟེར་ཨིན་རུང་ དེ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་ག་དེ་སྦེ་ ཕོག་ཡོད་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཅིག་གིས་ དེ་བཟུམ་མའི་ ཁས་བླངས་གསལ་བསྒྲགས་ཚུ་འབདཝ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཤེས་རྟོགས་བྱུང་བྱུངམ་འོང་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་ཁར་སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲོས་འཛོམས་དེ་ སྲིད་དོན་ཚོགས་པ་ཅིག་གི་ འདེམས་ངོ་ག་ར་གིས་ གཅིག་མཚུངས་སྦེ་ སླབ་དོ་ཡོདཔ་ལས་ གྲོས་འཛོམས་ཚུ་ ག་ཏེ་ལས་ཉན་རུང་ མ་བཏུབ་མེདཔ་ལས་ ཐིམ་ཕུའི་འདེམས་ངོ་གི་དོན་ལུ་ ལོགས་སུ་སྦེ་ དུས་ཚོད་བྱིན་དགོཔ་ མ་མཐོང་མི་ལུ་བརྟེན་ གྲོས་འཛོམས་ནང་ མ་འགྱོ་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment