གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཚད་ཅན་དང་ རྒྱུ་སྟོབས་ཅན་གྱི་ སྲིད་ཚོགས་ཚུ་གི་དབང་དུ་ཐལ་ནི་དེ་ ལེགས་ཤོམ་མེནམ།

༢༥/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བཀྲིས་སྒང་རང་འབྱུང་ལུ་ ལྟ་སྐོར་འབད་བའི་སྐབས་ མི་གྲངས་༥༠༠ དེ་ཅིག་གིས་ འབྲེལ་གཏོགས་འབད་མི་དེ་ སྲིད་ཚོགས་གཞན་ཚུ་གི་ ཞལ་འཛོམས་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ མི་སེར་ཚུ་དང་ཕྱད་པའི་བསྒང་།


དེ་ཡང་ ར་ལྡི་-སཱག་སྟེང་དང་ བཀང་ལུང་-ཨུ་མཛོ་རོང་ དེ་ལས་ བར་མཚམས་-གཤོང་ཕུ་འདེམས་ཁོངས་ཚུ་གི་ མི་སེར་ཚུ་ཨིནམ་ད་ ཞལ་འཛོམས་དེ་ལུ་བརྟེན་ བཅའ་མར་གཏོགས་མི་ཚུ་གིས་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་ རིག་པ་གསརཔ་ལེ་ཤ་ཅིག་ར་ཐོབ་སྟེ་ ལོག་སོང་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་ ཡོན་ཏན་ལེ་ཤ་ཅིག་ར་ བྱིན་ཡོདཔ་མ་ཚད་ མིའི་བདག་དབང་དང་ རྒྱུ་ནོར་འདྲ་མཉམ་ བགོ་བཀྲམ་གྱི་སྐོར་ལས་ཡང་ གསལ་བཤད་འབད་བྱིན་ཡི་ཟེར་ཨིན་པས།
ར་ལྡི་ལས་ བསྟན་རྡོ་རྗེ་གིས་འབད་བ་ཅིན་ སྲིད་ཚོགས་གཞན་ཚུ་གིས་ རང་སོའི་ཁས་བླངས་ཚུ་ལུ་ ཤུགས་བཏོན་ཐོག་ལས་ གསལ་བཤད་འབད་ཡོདཔ་ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ ཡར་དྲག་གཏང་ཐབས་ལུ་དམིགས་པའི་ གསལ་བཤད་ཚུ་ འབད་ཡི་ཟེར་ཨིན་པས།
དེ་དང་གཅིག་ཁར་ མི་སེར་ཚུ་གིས་ ཕྱུགཔོ་དང་ དབང་ཚད་ཅན་འབད་མི་ སྲིད་ཚོགས་ཚུ་ལུ་ལྟ་སྟེ་ རང་གི་སེམས་འགྱུར་བཅུག་ནི་ མི་འོང་ཟེར་བའི་ དྲན་བསྐུལ་འབད་ཡོདཔ་ཨིན་པས།
ཕོངས་མེད་ལས་ འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ འབྲུག་གི་ དམངས་གཙོའི་གཞུང་དེ་ཡང་ དབང་ཚད་ཅན་དང་ རྒྱུ་སྟོབས་ཅན་གྱིས་དབང་བའི་ལམ་ཕྱོགས་ལུ་ འཛུལ་དོ་ཡོདཔ་ད་ མ་གཞི་ དེ་བཟུམ་མའི་གནས་སྟངས་དེ་ གལ་གནད་ཅན་སྦེ་ ཐོན་ཐོནམ་མེད་རུང་ ཤུལ་ལས་ དར་ཁྱབ་འགྱོ་བའི་ཚ་གྱང་ཚུ་ མི་སེར་ཚུ་ལུ་ ཕོགཔ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སྲིད་ཚོགས་ལ་ལུ་ཅིག་གིས་ བརྒྱུད་འཛིན་ཐོག་ལས་ རྒྱབ་ཁབ་སྐྱོང་ནིའི་ གཞི་འགྱམ་ཚུ་ཡང་ བཙུགས་དོ་ཡོདཔ་ད་ དེ་ལུ་ ར་ལྡི་དང་ བཀང་ལུང་ཚུ་ དཔེ་ལེགས་ཤོམ་ཅིག་ ཨིན་མས་ཟེར་སླབ་ནུག།
རྡོ་རྗེ་ཆོས་སྒྲོན་གྱིས་ མི་སེར་ཚུ་གིས་ མི་སེར་གྱི་གཞུང་ ལེགས་ཤོམ་ཅིག་བཟོ་ནིའི་དོན་ལུ་ ག་ནི་བ་དཀོན་པའི་ གོ་སྐབས་ཐོབ་མི་དེ་ འཕྲོ་བརླག་གཏང་ནི་མི་འོང་ཟེར་ཨིནམ་ད་ དམངས་གཙོའི་རིང་ལུགས་དེ་ རང་ར་སོ་སོའི་བདག་དབང་ཚུ་ ལག་ལེན་འཐབ་ཚུགསཔ་བཟོ་ནིའི་ ལག་ཆ་ངོ་མ་ཅིག་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ དམངས་གཙོའི་གཞུང་དེ་ རྒྱལ་ཁབ་ཀྱི་རྒྱུ་ནོར་ཚུ་ འདྲ་མཉམ་ཐོག་ བགོ་བཀྲམ་འཐོབ་ཐབས་ཀྱི་ ལག་ཆ་ཅིག་ཡང་ཨིནམ་ད་ ག་དེམ་ཅིག་སྦེ་ མི་སེར་ཚུ་གིས་ དབང་ཚད་ཅན་དང་ རྒྱུ་སྟོབས་ཅན་གྱི་ སྲིད་ཚོགས་ཀྱི་དབང་དུ་ཐལ་སོང་པ་ཅིན་ རང་གི་བདག་དབང་ཚུ་ མེདཔ་འགྱོཝ་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་འབད་རུང་ མི་སེར་ཚུ་ལུ་ རྒྱལ་ཁམས་ཀྱི་རྒྱུ་ནོར་ཚུ་ བགོ་བཤའ་གི་ཐོག་ལས་ ཐོབ་མ་ཐོབ་ཀྱི་ མནོ་བསམ་བཏང་བལྟ་དགོ་ཟེར་ གཙོ་འཛིན་གྱིས་ སླབ་ཡོདཔ་ཨིན་པས།
བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ཡང་ འབྲུག་རྒྱལ་ཁབ་འདི་ རྒྱུ་སྟོབས་ཅན་དང་ དབང་ཚད་ཅན་ཚུ་གིས་ སྐྱོང་བའི་བསྒང་ལས་ རྒྱལ་ཁམས་ཀྱི་རྒྱུ་ནོར་ཚུ་གི་ བགོ་བཤའ་ཆུང་ཀུ་རེ་མ་གཏོགས་ གྲོང་གསེབ་མི་སེར་ཚུ་གྱིས་ ཐོབ་མི་ཚུགས་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment