གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་ ཚོགས་རྒྱན་འགོ་དཔོན་ཚུ་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་ནི་འགོ་བཙུགས་ཡོདཔ།

༢༩/༥/༢༠༡༣   ༉ རྩི་རང་རྫོང་ཁག་འོག་གི་ ས་ཐག་རིང་ཤོས་ཅིག་ཨིན་མི་ རྩི་རང་སྟོད་དང་ གསེར་གྱི་ཐང་ དེ་ལས་ ཕུན་བརྟན་ཆུ་རྒེད་འོག་༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཙག་འཐུ་འགོ་དཔོན་ཚུ་ ཁ་ཙ་ལས་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ སོང་ཡོདཔ་ཨིན་པས།

སྡོད་ཁྲི་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ དེ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་།

སྡོད་ཁྲི་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ དེ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་རྩིས་ཏེ་ འགོ་དཔོན་༢༥༢ ཀྱིས་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཉམས་མྱོང་བརྗེ་སོར་གྱི་ལས་རིམ་ནང་ འགོ་དཔོན་ཚུ་གིས་ བཙག་འཐུའི་དོན་ལུ་ སྣུམ་འཁོར་ལ་སོགས་པའི་མཐུན་རྐྱེན་དང་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་འཐུས་ ཡར་སེང་འབད་དགོ་པའི་ཁར་ གནས་སྐབས་ཀྱི་དོན་ལུ་རྐྱབ་ཡོད་མི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་སྐྱུར་མི་ རྒན་རྒས་ཚུ་ མིག་ཏོ་མ་མཐོང་པའི་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ལས་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དཀའ་ངལ་གཅིགཔོ་དེ་ ཚོགས་རྒྱན་བཙུགས་མི་ཚུ་གི་ ས་གནས་གཞུང་གི་ བཙག་འཐུའི་འདེམས་ཁོངས་ཀྱི་ ཚོགས་རྒྱན་ས་ཁོངས་ནང་འོང་མི་ལུ་བརྟེན་ ཁོ་རའི་ གོ་སྐབས་མ་ཐོབ་པར་ ལོག་འགྱོ་དགོཔ་འཐོནམ་མས་ཟེར་ སླབ་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གིས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སོ་སོར་སྦེ་ཡོད་མི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཆོག་ཟེར་ཨིན་པས།
དེ་བཟུམ་སྦེ་ གནས་སྐབས་ཀྱི་ ཚོགས་རྒྱན་ས་ཁོངས་ཚུ་ཡང་ ལེགས་བཅོས་འབད་ཡི་ཟེར་ཨིནམ་ད་ རྩི་རང་རྫོང་ཁག་ནང་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་༤༢ ཡོད་པའི་གྲས་ལས་༡༨ གནས་སྐབས་ཀྱི་ཁྱིམ་ཨིན་པས།
བཙག་འཐུའི་དོན་ལུ་ ཚོགས་རྒྱན་ས་ཁོངས་༤༢ ཀྱི་དོན་ལུ་ ཚོགས་རྒྱན་འཕྲུལ་ཆས་༧༠ ལྷགཔ་ཅིག་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ མཐིའུ་རྐྱབ་ཡོདཔ་ད་ གཞན་རྒེད་འོག་༩ གི་ ཚོགས་རྒྱན་འགོ་དཔོན་ཚུ་ འཕྲུལ་ཆས་ཚུ་འབག་སྟེ་ ད་རིས་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་ནི་ཨིན་པས།
དེ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གི་ ཡིག་ཤུབས་ཀ་པ་དེ་ ད་རིས་ ཁ་ཕྱེ་ནི་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment