གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོམ་རྐྱབ་སའི་ ཁང་མིག་བསྒྲུབས་མི་གིས་ ཕན་ཐོགས་འབྱུང་ནི།

༣༡/༥/༢༠༡༣   ༉ ཐིམ་ཕུ་ལུ་ཡོད་མི་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་གིས་ སྒོམ་རྐྱབ་སའི་ཁང་མིག་ཅིག་ བསྒྲུབས་ཡོད་མི་དེ་གིས་  ཕམ་ཡ་བྲལ་སོང་མིའི་ ཨ་ལུ་ཚུ་དང་ སློབ་གྲྭའི་ན་གཞོན་ཚུ་ལུ་ སྒོམ་རྐྱབ་ནི་གི་ གོ་སྐབས་བྱིན་ཚུགས་ནི་ཨིན་པས།
སྒོམ་རྐྱབ་སའི་ཁང་མིག་ཚུ་ སྒོ་འབྱེད་འབད་བའི་བསྒང་།


སློབ་གྲྭའི་དབུ་འཛིན་ཆོས་སྐྱིད་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་སློབ་གྲྭ་དེ་ནང་ ཕམ་ཡ་བྲལ་སོང་མིའི་ ཨ་ལུ་ ལེ་ཤ་ཡོདཔ་ལས་ སྒོམ་རྐྱབ་སའི་ཁང་མིག་དེ་གིས་ ཨ་ལུ་དེ་ཚུ་ལུ་ སེམས་ཀྱི་སྦྱང་བ་འབད་ནིའི་ གོ་སྐབས་ཐོབ་ཚུགསཔ་ལས་ ཁྱིམ་ནང་ དཀའ་ངལ་ག་ཅི་བཟུམ་ཐོན་རུང་ སེམས་ཀྱི་ནད་གཞི་ལུ་ ཕན་ཐོགས་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
མོ་གིས་ ཨམ་སྲུ་མང་ཤོས་ར་ ལཱ་གཡོག་མེད་མི་ཚུ་ རྨགཔ་གིས་ བདའ་བཏང་དོ་ཡོདཔ་ལས་ སྡོད་ས་དང་ བཟའ་འཐུང་མེད་པའི་ དཀའ་ངལ་བྱུང་པའི་ཁར་ ཨ་ལུ་ཚུ་ཡང་ སློབ་གྲྭ་ནང་འོང་བའི་སྐབས་ གནས་སྟངས་སྐྱོ་དྲག་སྦེ་ འོང་མི་ཡང་ཡོདཔ་ལས་ དེ་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ མི་ཚེའི་ནང་འགྱུར་བ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྒོམ་རྐྱབ་ནི་གི་དུས་ཚོད་དེ་ཡང་ དྲོ་པ་ རྒྱལ་པའི་བརྟན་བཞུགས་མ་རན་པའི་ཧེ་མར་ བརྗེ་སོར་གྱི་དུས་སྐབས་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ དུས་ཡུན་སྐར་མ་༢༠ དང་༣༠ གྱི་བར་ན་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་པའི་ཁར་ སྦྱང་བ་ཚུ་ཡང་ སློབ་གྲྭའི་སློབ་དཔོན་ཚུ་གིས་ར་ བྱིན་ནི་ཨིན་པས།
དབུ་འཛིན་གྱིས་ སྦྱང་བ་གི་སྐབས་ལུ་ སློབ་ཕྲུག་ཚུ་ལུ་ མང་ཤོས་ར་ ཤེས་ཡོན་དང་འབྲེལ་བའི་ གནད་དོན་ཚུ་ལུ་ སྦྱང་བ་འབད་བྱིན་ནི་ཨིན་པའི་ཁར་ བརྗོད་དོན་དེ་ཡང་ ཕམ་ཡ་ཅིག་གིས་ གསོ་བའི་སྐབས་ མི་ཚེ་དང་ གཅིག་ཁར་ བློ་གཏད་ཚུགས་པའི་ དམིགས་དོན་ཨིན་པས།
ཐོ་ཚད་ཅིག་འབད་མི་ ཁང་མིག་དེ་གི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ཡང་ ཇཱ་པན་གྱི་མི་སེར་ སྡེ་ཚན་ཅིག་གིས་བྱིན་ཡོདཔ་ད་ ད་ལྟོ་ སློབ་གྲྭ་དེ་ནང་གི་ སློབ་ཕྲུག་༡༢ དེ་ཅིག་ ཕྱི་རྒྱལ་གྱི་ ལྟ་བཤལ་ནང་འོང་མི་ཚུ་གིས་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ ཕམ་ཡ་བྲལ་སོང་མི་ ཨ་ལུ་ཚུ་གི་གནས་སྟངས་ལུ་ལྟ་སྟེ་ ལྟ་བཤལ་ནང་འོང་མི་ ཇ་པཱན་དང་ རྒྱ་གར་གྱི་མི་ཁུངས་ཚུ་གིས་ ཤ་ཚ་སྟེ་ ལོ་བསྟར་བཞིན་དུ་ བཀབ་གོ་ལ་གི་རིགས་ཚུ་ བྱིན་ནིའི་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཁོང་ར་གིས་སྦེ་ ཅ་ལ་ཚུ་ བྱིན་པར་འོང་ནི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉིན་མའི་ལྟོ་འབག་འོང་མ་ཚུགས་མི་ ཨ་ལུ་ཚུ་ལུ་ཡང་ སློབ་གྲྭ་དེ་གིས་ ལྟོ་འབད་བྱིན་དོ་ཡོདཔ་ལས་ དབུ་འཛིན་གྱིས་ སློབ་གྲྭ་དེ་ དཀའ་ངལ་མྱོང་མི་ ཨ་ལུ་ཚུ་གིས་ སློབ་གྲྭ་ནང་ལྷོདཔ་ཅིག་ ཁོང་རའི་ཁྱིམ་བཟུམ་སྦེ་ འཚོར་སྣང་ བསྐྱེད་བཅུག་ནི་གི་དོན་ལུ་ ཁྱིམ་གཉིས་པ་བཟུམ་བཟོ་ནིའི་ འཆར་གཞི་ཡོདཔ་ལས་ མཐའ་འཁོར་ལུ་ཡང་ མེ་ཏོག་ཚུ་ འཛུགས་སྐྱོང་འབད་དེ་ དགའ་ཏོག་ཏོ་བཟོ་དོ་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment