གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བཟོ་སྐྲུན་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི།

༣༡/༥/༢༠༡༣   ༉ གསོ་བའི་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བཟོ་སྐྲུན་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་ གསོ་བའི་མཁོ་ཆས་གོང་འཕེལ་སྡེ་ཚན་ནང་ལས་ བཟོ་སྐྲུན་གྱི་ ལས་འགུལ་འཛིན་སྐྱོང་པ་ སཱ་བཱིར་ གུ་རུང་གིས་ སླབ་མིའི་ནང་ མ་དངུལ་ དངུལ་ཀྲམ་ས་ཡ་༦༡༩.༥༦༢ གནས་མི་ བཟོ་སྐྲུན་གྱི་ལཱ་དེ་ སྨིན་དྲུག་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༦ པའི་ཟླ་ཕྱེད་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྨན་ཁང་གསརཔ་རྐྱབ་ནིའི་དོན་ལུ་ བཤིག་གཏང་ནི་ཨིན་མི་ སྒྲིང་ཁྱིམ་རྙིངམ་ཚུ།


སྨན་ཁང་དེ་ཡང་ ད་ལྟོ་ཡོད་པའི་ སྨན་ཁང་གི་གདོང་ཁར་ ཧེ་མ་ བསྟན་སྲུང་དམག་མི་ཚུ་སྡོད་མི་ སྒྲིང་ཁྱིམ་ཡོད་སའི་ས་ཁོངས་ནང་རྐྱབ་ནི་ཨིནམ་ད་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ དམག་མི་ཚུ་སྡོད་མི་ སྒྲིང་ཁྱིམ་རྙིངམ་༤ གཞུང་ཆས་ལས་ཁུངས་ཀྱིས་ བཤིག་གཏང་ནིའི་དོན་ལུ་ རིན་བསྡུར་ཐོག་ལས་ ཁག་འབག་ལུ་སྤྲོད་ཡོདཔ་ད་ བཤིག་གཏང་ནིའི་དོན་ལུ་ དུས་ཡུན་ཟླཝ་༡ བྱིན་ཏེ་ཡོད་ཟེར་ཨིན་པས།
སྨན་ཁང་དེ་ བསྒྲུབ་ཚར་བའི་ཤུལ་ལས་ ཉལ་ཁྲི་༡༥༠ དེ་ཅིག་ ཤོང་ཚུགས་མི་དེ་ ད་རེས་ནངས་པ་ཡོད་མི་ སྨན་ཁང་གི་སྡོད་ཁྲི་༨༠ དེ་ཅིག་ཡོད་མི་དང་ཕྱདཔ་ད་ ལོག་ལྟབ་ཨིན་པས།
ད་རུང་ འཆར་གཞི་དང་འཁྲིལཝ་ད་ སྨན་ཁང་གསརཔ་ནང་ གླ་འཐུས་སྤྲོད་དེ་ སྡོད་ནིའི་དང་འདོད་ཅན་ཚུ་གི་དོན་ལུ་ ཟུར་ཤག་༡༥ དེ་ཅིག་ ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མི་དང་འཁྲིལཝ་ད་ སྨན་ཁང་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་ཟེར་ཨིནམ་ད་ ལས་འགུལ་གྱི་དུས་ཡུན་ ཟླ་ངོ་༤༥ ཨིན་མི་དེ་ ལོ་༣ དང་ཟླཝ་༩ དེ་ཅིག་ནང་ མཇུག་བསྡུ་ཚུགས་ནི་ཨིན་པས།
སྨན་ཁང་དེ་ བསྒྲུབ་ཚར་བའི་ཤུལ་ལས་ གཞལམ་སྒང་དང་ ཀྲོང་གསར་ གསར་སྤང་ རྩི་རང་ དར་དཀར་ནང་ པཱན་སྦང་ ངང་ལམ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ལས་བཏང་མི་ ནདཔ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།
དེ་མ་ཚད་ ད་རེས་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ནདཔ་མ་ཤོང་པའི་དཀའ་ངལ་བྱུང་མི་དེ་ཡང་ བསལ་ཚུགས་ནི་ཨིན་པས།
སཱ་བཱིར་ གུ་རུང་གིས་ སླབ་མིའི་ནང་ སྨན་ཁང་གི་བཟོ་བཀོད་དེ་ གཞན་དང་མ་འདྲཝ་སྦེ་ རྐྱབ་ནི་ཨིན་མི་དེ་ཡང་ ཕྱི་ཁ་ལས་ རླུང་མ་དང་ ཉི་མའི་འོད་ཕོག་ས་ཡོདཔ་ བཟོ་ནི་ཨིན་མི་དེ་གིས་ གློག་མེའི་ནུས་ཤུགས་ མངམ་ལག་ལེན་འཐབ་མ་དགོ་པའི་ཁར་ ཉམས་བཅོས་ཀྱི་དོན་ལུ་ ཟད་འགྲོ་ཡང་ གངམ་མི་གནས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩི་རང་ལུ་ཡང་ རྫོང་ཁག་སྨན་ཁང་གསརཔ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment