གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་པ་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་པར་འགྱོ་ནི་ལས་ འབུབ་སྨན་གཏོར་ནི་དེ་ གལ་ཆེ་བའི་གནས་སྟངས།

༣༡/༥/༢༠༡༣   ༉ སྤ་རོ་ལུ་ སོ་ནམ་པ་མང་ཤོས་ར་ ཚོགས་རྒྱན་བཙུགས་པར་འགྱོ་ནིའི་ ཚ་གྱང་མེན་པར་ ཁོང་རའི་ལོ་ཐོག་ཚུ་ ཨར་མི་ཝཱམ་ཟེར་མི་ འབུབ་ཚུ་གིས་ མེདཔ་བཏང་མི་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༤༧ ལང་མི་ སོ་ནམ་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་གྱི་རིང་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་དང་ འདེམས་ངོ་མང་རབས་ཅིག་གིས་ སྤྱིར་བཏང་གྲོས་འཛོམས་དང་ བསྐུལ་བསྒྲགས་འབད་བར་ འོང་ཡོདཔ་ཨིན་རུང་ བཅའ་མར་གཏོགས་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ བཅའ་མར་གཏོགས་ནི་ལས་ ལོ་ཐོག་བསྲུང་ནི་དེ་ ཁག་ཆེ་ནི་དེ་གིས་ འབྱ་ཞིང་ཚུ་ནང་ འབུབ་སྨན་གཏོར་ཏེ་ སྡོད་ཅི་ཟེར་ཨིན་པས།
ད་རུང་ སོ་ནམ་པ་གཞན་ཅིག་གིས་ སླབ་མིའི་ནང་ འབྱ་ཞིང་ཚུ་ནང་ འབུབ་ཚུ་གིས་ ལྟེམ་ལྟེམ་སྦེ་གང་ཡོདཔ་ལས་ ཉིནམ་༡ ར་ སྨན་གཏོར་མ་ཚུགས་རུང་ ལོ་ཐོག་གི་ཐོན་སྐྱེད་ལུ་ ཁྱད་པར་སྦོམ་བཟོཝ་ལས་ ཚོགས་རྒྱན་བཙུགས་པར་ འགྱོ་མི་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ སྤ་རོ་ལུ་ ལྕངམ་དང་ གེ་ཟ་ དེ་ལས་ ནག་ཚུ་གུ་ འབུབ་ཚུ་གིས་ གནོདཔ་བཀལ་སར་ མཐོངམ་ཨིན་པས།
ཨ་རིང་ནང་ ལཱ་འབད་སྡོད་མི་ སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ ལོ་ཐོག་བདག་འཛིན་འཐབ་སྟེ་ ལཱ་འབད་མི་དེ་ ཆུས་ཟད་འགྱོ་ནི་བཟུམ་ཅིག་མཐོངམ་ལས་ ཚ་གྱང་ལང་སྟེ་ ཐ་ན་ ནུབ་མོ་གཉིད་ཡང་ ལོང་མི་བཏུབ་པས་ཟེར་ཨིནམ་ད་ དྲོ་པ་ཧ་སག་ལོང་སྟེ་ ཞིང་ཁར་བལྟ་བར་འགྱོཝ་ད་ འབུབ་ལྟེམ་ལྟེམ་སྦེ་ མཐོངམ་མས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ རིག་འཛིན་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་དོ་བཟུམ་སྦེ་ སོ་ནམ་ལས་ཁུངས་ལུ་ཡང་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།
སྤ་རོ་རྫོང་ཁག་ནང་ འབུབ་ཚུ་ འགོ་དང་པ་ ལྕངམ་དང་ ནག་ཞིང་ཚུ་ནང་ མཐོང་བའི་ཤུལ་ལས་ སོ་ནམ་ལས་ཁུངས་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ འབུབ་སྨན་སའི་པར་ཐི་རིང་ དམ་སྦྱིས་༡,༠༠༠ དང་ ཀཱོལ་རོ་ ཕིརི་ཕོས་ཟེར་མི་ དམ་སྦྱིས་༢,༠༠༠ དེ་ཅིག་ སོ་ནམ་པ་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
ད་ལྟོ་ འབུབ་སྨན་ཚུ་ ལང་མ་ཚུགས་པར་ཡོདཔ་ཨིན་རུང་ འཕྲལ་མགྱོགས་ར་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ བོང་སྡེ་ལས་ སོ་ནམ་པ་དབང་མོ་གིས་ བཤད་མིའི་ནང་ འབྲུག་པའི་ཟླ་ཐོ་དང་འཁྲིལཝ་ད་ ཟླཝ་༤ པ་དེ་ དུས་ཆེན་ཁྱད་པར་ཅན་ཅིག་ཨིནམ་ལས་ སྡིག་པ་བསགས་མ་བཏུབ་ཨིན་རུང་ འབུབ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ འབུབ་སྟོང་ཕྲག་ལས་བཅད་དེ་ བསད་དགོཔ་ཐོནམ་ལས་ བློ་ཕམ་བྱུངམ་མས་ཟེར་ཨིན་པས།
འབུབ་ཚུ་ སྨན་གཏོར་ཏེ་ མ་བསད་པ་ཅིན་ ལོ་ཐོག་གི་ ཐོན་ཤུགས་ལུ་གནོད་དེ་ བཟའ་ཚང་འཚོ་སྐྱོང་འཐབ་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ དབང་མོ་གིས་ སླབ་ཨིན་པས།
དབང་མོ་གིས་ འདས་པའི་ལོ་ཚུ་ནང་ གཡུས་ཆུམ་ཀེ་ཇི་༨༠༠ དེ་ཅིག་དང་ གེ་ཟ་མང་རབས་ཅིག་བཙོང་ཡོདཔ་ལས་ བཟའ་ཚང་གི་དོན་ལུ་ ཟད་འགྲོ་ལང་ཡོདཔ་ཨིན་རུང་ དུས་ཅི་ བཙོང་ནི་ཕར་བཞག་ རང་བཟའ་ནི་ཡང་ མི་ལང་ནི་མས་ཟེར་ཨིན་པས།
སྤ་རོའི་ སོ་ནམ་ལས་ཁུངས་ཀྱིས་ ད་ལྟོ་ཚུན་ ནཱ་རྒྱ་རྒེད་འོག་མ་གཏོགས་ གཞན་མི་ རྒེད་འོག་ཆ་མཉམ་ནང་ འབུབ་སྨན་ཚུ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ད་རུང་ རེས་གཟའ་མིག་དམར་ལུ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ རིག་འཛིན་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment