གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་སྡེ་ཚན་ཅིག་ ལུང་ནག་ནང་ལུ་ལྷོད་ཡོདཔ།

༢༩/༥/༢༠༡༣   ༉ བཙག་འཐུ་འགོ་དཔོན་དང་ འཐུས་མི་སྡེ་ཚན་ཅིག་གིས་ ཉིན་གྲངས་༧ གྱི་རིང་ ཁཝ་དང་ཆར་པའི་ནང་ ལམ་འགྱོ་སྟེ་ ཞག་ག་ལྷོད་སར་ སྡོད་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ལུང་ནག་ནང་ལུ་ ལྷོད་ཡོདཔ་ཨིན་པས།

ར་ཀ་གཤོང་ལུ་ལྷོདཔ་ད་ ཁོང་ར་གིས་ རྒྱགས་སྐལ་ཚུ་ འབག་འགྱོ་ནིའི་དོན་ལུ་ བགོ་བཤའ་རྐྱབ་པའི་བསྒང་།

བཙག་འཐུའི་དོན་ལུ་ ཉེན་སྲུང་དམག་མི་༡༢ རྩིས་ཏེ་ སྡོད་ཁྲི་འགོ་དཔོན་དང་ ཚོགས་རྒྱན་འགོ་དཔོན་༣ དེ་ལས་ གསོ་བའི་སྨན་པ་༡ གིས་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ དགོན་ཤར་རི་ལས་ སོང་ཡོདཔ་ད་ ཁོང་གི་དོན་ལུ་ དོས་འབག་མི་རྟ་༧ ཁྱིད་ཡོདཔ་ཨིན་པས།
སྡོད་ཁྲི་འགོ་དཔོན་ ཀུན་དགའ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ དགོན་ཤར་རི་ལས་ འགྱོ་བའི་ཤུལ་ལུ་ ལམ་བདའ་སྟེ་ ཆརཔ་མ་ཆད་པར་རྐྱབ་ནི་དེ་གིས་ ལམ་ག་ར་ འདམ་པ་འདུག་ཟེར་ཨིནམ་ད་ ཁོང་གིས་ གནམ་ག་ཏེ་སྲོ་ས་ལུ་ ཆུ་ཤོག་གི་ གུར་སྤུབས་ཏེ་ མི་༡༩ དང་གཅིག་ཁར་ སྡོད་ཅི་ཟེར་ཨིན་པས།
སྡེ་ཚན་ཚུ་གི་དོན་ལུ་ ལཱ་ཁག་ཤོས་ར་ དགོན་ཤར་རི་ལས་ ཉིན་གྲངས་༥ གི་རིང་ ལམ་འགྱོ་དགོ་པའི་ ར་ཀ་གཤོང་གི་ཤུལ་ལས་ གངས་མཇུག་ལ་བརྒལ་འགྱོ་དགོ་པའི་སྐབས་ བྱུང་ཡོདཔ་ཨིན་པས།
གངས་མཇུག་ལ་ལྷོདཔ་ད་ ཁཝ་གིས་ ལམ་ག་ར་བསུབས་ཡོདཔ་ལས་ ལམ་བྱང་སྟེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ དེ་ནང་ར་ ཐོགས་ལུས་ཡོདཔ་ད་ ཚེ་རི་ཕུག་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༩ དེ་ཅིག་ འགོར་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ ར་ཀ་གཤོང་ཚུན་ རྟ་ཚུ་ཁྱིད་ཡོདཔ་ད་ དེ་གི་ཤུལ་ལས་ ཁུར་ཆ་ཚུ་ག་ར་ ཁོང་ར་གིས་ འབག་སོང་ཡོདཔ་ཨིན་རུང་ ཀུན་དགའ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་གྱི་ མི་དག་པ་ཅིག་ ཁ་ལས་སྐྱུགས་ཏེ་ མགུ་ཏོ་དུམ་གྲ་རེ་ ན་ཡོདཔ་མ་གཏོགས་ གཞན་ག་ནི་ཡང་ མ་འབད་ཟེར་ཨིན་པས།
སྡེ་ཚན་དེ་གིས་ ཁ་ཙ་ རང་སོའི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ སོང་ཡོདཔ་ད་ མགར་སའི་ཚོགས་རྒྱན་འགོ་དཔོན་འོགམ་ སངས་རྒྱས་ཕུན་ཚོགས་ཀྱིས་ ད་རེས་ཀྱི་དོན་ལུ་འགྱོ་མི་ བཙག་འཐུ་འགོ་དཔོན་ཚུ་ ཧེ་མ་བཟུམ་སྦེ་ དཀའ་ངལ་མ་འབྱུང་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ཚུའི་ནང་ ལམ་འགྱོ་ནིའི་དོན་ལུ་ ལཱ་ཁག་ཡོདཔ་ལས་ མི་གཟུགས་སྒྲིང་སྒྲིང་ཡོད་མི་ཚུ་ གདམ་ཁ་རྐྱབ་ཅི་ཟེར་ཨིནམ་ད་ རྫོང་ཁག་བཙག་འཐུ་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ ལུང་ནག་ནང་གི་དོན་ལུ་ ཝ་ཆེ་དང་ལེ་དི་ དེ་ལས་ ཐཱན་ཟ་ཚུ་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་ བཟོ་སྟེ་ཡོདཔ་ཨིན་པས།
བཙག་འཐུ་དང་འབྲེལ་བའི་ ཡིག་ཆ་དང་ ཚོགས་རྒྱན་འཕྲུལ་ཆས་༤ འདས་པའི་ཟླཝ་ནང་ ཚོགས་སྡེའི་བཙག་འཐུ་ འབད་བའི་ཤུལ་ལས་ ས་གནས་དེ་ནང་ར་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment