གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་སྦས་ཁའི་འདེམས་ངོ་ ཚེ་རིང་སྟོབས་རྒྱས་ལུ་ མི་སེར་ཚུ་གིས་ བྱོན་ཞུ་འབད་ཡོདཔ།

༢༩/༥/༢༠༡༣   ༉ ཁ་ཙ་ ཧཱ་གསང་སྦས་ཁའི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་སྟོབས་རྒྱས་ ཧཱ་ལུ་ལྷོད་པའི་སྐབས་ མི་ཚུ་གིས་ གཞུང་ལམ་གྱི་ གཡས་དང་གཡོན་ལུ་སྡོད་དེ་ བྱོན་ཞུ་འབད་ཡོད་པའི་ཁར་ བྱེང་ཀ་ནང་གི་ གྲོས་འཛོམས་ཁང་ནང་ འཛུལ་བའི་སྐབས་ སྲིད་ཚོགས་གཞན་གྱི་ འདེམས་ངོ་ཚུ་གིས་ཡང་ ཡར་ལོང་སྟེ་ གུས་ཞབས་འབད་ཡོདཔ་མ་ཚད་ སྣུམ་འཁོར་བརྡ་སྟོན་འབད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ ས་ལམ་རྐྱབ་ཡོདཔ་ཨིན་པས།

ཧཱ་ལུ་ སྤྱིར་བཏང་གྲོས་འཛོམས་མཇུག་བསྡུ་བའི་ཤུལ་ལས་ བཅའ་མར་གཏོགས་མི་ཚུ་ ལོག་འགྱོ་བའི་བསྒང་།

བྱེང་ཀ་ནང་སློབ་གྲྭ་ཆུང་བའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ སྤྱིར་བཏང་གྲོས་འཛོམས་དེ་ ཧཱ་རྫོང་ཁག་ནང་ མཇུག་ཨིན་པས།
བདུན་ཕྲག་ལས་བཅད་དེ་ སྣུམ་འཁོར་ནང་ འགྲོ་འགྲུལ་འཐབ་མི་ལུ་བརྟེན་ འུ་སྡུག་ཡོདཔ་མ་ཚད་ དེ་ཚེ་ དུས་ཡུན་ཆུ་ཚོད་༣ མ་གཏོགས་ མ་ཉལ་ཟེར་སླབ་མི་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱིར་བཏང་གྲོས་འཛོམས་ མཇུག་བསྡུ་བའི་ཤུལ་ལུ་ ཨ་རྟག་དང་མ་འདྲ་བའི་ དགའ་སྤྲོ་དང་བཅསཔ་སྦེ་ མི་སེར་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
ཁ་ཙ་གི་ སྤྱིར་བཏང་གྲོས་འཛོམས་དེ་ ས་དམར་རྒེད་འོག་ གསང་སྦས་འདེམས་ཁོངས་ཀྱི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ འདེམས་ངོ་བཞི་གི་ ཁས་བླངས་ཚུ་ཉན་པར་ མི་གྲངས་༣༠༠ དེ་ཅིག་ འཛོམས་མི་དེ་ འབྲེལ་གཏོགས་འབད་མིའི་གྱངས་ཁ་ ལེགས་ཤོམ་ཅིག་ཨིན་པས།
ཧཱ་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་ཁག་༦ འགོ་འདྲེན་འཐབ་ཡོདཔ་ད་ གསང་སྦས་ཁ་འདེམས་ཁོངས་ཀྱི་ ང་རྩེ་ནང་ལུ་ འདེམས་ངོ་ཚུ་དང་ ཉེན་སྲུང་གི་ལཱ་འབད་མི་ཚུ་གིས་ ཆུ་བརྒལ་མ་ཚུགས་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ ཧཱ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ སྦྱིས་-དཀར་ཚོ་-དབུས་སུ་ནང་གི་ མི་གྲངས་༦༠ དེ་ཅིག་དང་གཅིག་ཁར་ ཕྱད་ཡོདཔ་ད་ དེ་བསྒང་ རྩྭ་ཐང་ཅིག་ནང་སྡོད་དེ་ དགོད་བྲ་ཚུ་སླབ་པའི་ཁར་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཚུ་ལུ་ སྐྱོན་བརྗོད་འབད་མི་ཚུ་གི་སྐོར་ལས་ཡང་ ལོ་རྒྱུས་ཚུ་སླབ་སྟེ་ དགའ་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོ་གི་སྲིད་ཚོགས་ཀྱིས་ རྒེད་འོག་རེ་ལུ་ དངུལ་ཀྲམ་ས་ཡ་༢ རེ་ བྱིན་ནི་ཟེར་ སླབ་པའི་སྐབས་ མི་ཚུ་གིས་ ཏི་རུ་ཚུ་ ག་ཏེ་ལས་འབག་འོང་ནི་སྨོ་ཟེར་ དྲི་བཀོད་འབད་མིའི་ལན་ལུ་ ཚོང་འབྲེལ་རྒྱན་ཤོག་ཚུ་ ལོག་འགོ་བཙུགས་ཐོག་ལས་ གཞུང་ལས་བཏོན་ཏེ་ མི་སེར་ལུ་ སྤྲོད་ནི་ཟེར་ཨིན་པས།
འདེམས་ངོ་ཚུ་གི་གྲས་ལས་ ཚེ་རིང་སྟོབས་རྒྱས་དེ་ གསང་སྦས་ཁ་འདེམས་ཁོངས་ནང་ མ་ལྷོད་མི་ཅིག་ཨིནམ་མ་ཚད་ ཁོ་གིས་ ཁོ་རའི་ཚོགས་རྒྱན་དེ་ཡང་ འགྲེམ་ཐོག་ལས་ བཙུགས་ཡོདཔ་ཨིན་པས།
དེ་ལུ་ ཁོ་གིས་སླབ་མིའི་ནང་ འདེམས་ཁོངས་ནང་ཡོད་མི་ ཁོ་རའི་རྒྱབ་སྐྱོར་པ་ཚུ་དང་ ཕམ་སྤུན་ཆ་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་ཡོདཔ་ལས་ གཞན་མི་འདེམས་ཁོངས་ཚུ་ནང་ ཤུགས་བཏོན་དགོཔ་སྦེ་ སླབ་མི་ལུ་བརྟེན་ཏེ་ ཁོ་ར་ མ་འགྱོ་ཟེར་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment