གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ ས་ཆ་ཉོ་མི་ཚུ་ལུ་ ཉེས་པ་མི་འཁྲི་ནི།

༢༤/༥/༢༠༡༣    སྲིད་དོན་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ཚུ་ལུ་ གནོད་པ་ག་ནི་ཡང་ མི་འབྱུང་ཟེར་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ག་ཨིནམ་སྦེ་ གཞི་འཛིན་འབདཝ་ལས་ ཁེ་རྒུད་མ་བཏུབ་མི་ མཐོ་གཏུགས་པ་༡༥ གིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དོ་ཡོདཔ་ཨིན་རུང་ ས་ཆ་ཉོ་མི་ལྷག་ལུས་༧༡ ཡོད་མིའི་ རྩོད་བཤེར་དེ་ བསྣར་འགྱངས་སྦེ་ བཞག་ཡོད་མི་ལུ་བརྟེན་ སྲིད་དོན་པ་ཚུ་ལུ་ ཚ་གྱང་ལང་ནི་གི་ གཞི་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།


དེ་ཡང་ བརྡ་བརྒྱུད་གསར་ཤོག་ཅིག་ནང་ ད་རེས་ནངས་པ་ འགོ་ཐོག་བཙག་འཐུའི་ བསྐུལ་བསྒྲགས་འབད་བའི་བསྒང་ཡོད་མི་ འདེམས་ངོ་དག་པ་ཅིག་ སྲིད་ཚོགས་ཚུ་ལུ་བརྟེན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་རུང་ རྒྱལ་པོའི་ཞིང་གི་ ས་ཆ་ཉོ་མིའི་ནང་ འབྲེལ་གནད་ཡོདཔ་ལས་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ཚུགས་ནི་བཟུམ་འདུག་ཟེར་ གསལ་བཀོད་འབད་ཡོདཔ་ཨིན་པས།
ས་ཆ་ཉོ་མི་ཚུ་གི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་དང་ ཞབས་ཏོག་བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གཉིས་ཡོད་མི་ལུ་བརྟེན་ གལ་སྲིད་ སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུ་ནང་ལས་ བཙག་འཐུ་འགྲུབ་པ་ཅིན་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་ཁས་ལེན་ཡི་གུ་བཙུགསཔ་ད་ འདེམས་ངོ་ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འགེལ་གྱི་ ཉེས་འཛུགས་ཡོད་པ་ཅིན་ ངོས་ལེན་མི་འབད་ནི་གི་ འོས་འབབ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་འབད་བ་ཅིན་ ས་ཆ་ཉོ་མི་ཚུ་གི་ རྩོད་གཞི་ཚུ་ ད་ལྟོ་ བསྣར་འགྱངས་སྦེ་ ལུས་ཡོད་རུང་ ས་ཆ་གཞུང་ལུ་ སོར་ཆུད་འབད་ནི་རྐྱངམ་གཅིག་ཨིནམ་ལས་ ས་ཆ་ཉོ་མི་ ག་ལུ་ཡང་ ཉེས་པ་སྨིན་དགོཔ་མེདཔ་མ་ཚད་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལུ་ཡང་ ཐོ་ཕོག་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་ དོགས་སེལ་འབད་མིའི་ནང་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༧༩ པའི་(ཇ) ནང་ ཡུན་འགྱངས་རྩོད་གཞི་ཅིག་ནང་ ཉེས་ཆེན་གྱི་ ཁ་ཉེས་བཀལ་ཡོད་པའི་ཁར་ དབང་ལྡན་ཁྲིམས་འདུན་དེ་གིས་ དེ་ལུགས་ཀྱི་ ངོས་ལེན་གྲུབ་སྟེ་ ཁོ་མོའི་རྒྱབ་འགལ་ལུ་ ཉེས་འཛུགས་བཀོད་གྲུབ་པ་ཅིན་རྐྱངམ་གཅིག་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་མི་ཆོག་ནི་ཨིན་རུང་ རྒྱལ་པོའི་ཞིང་ས་ཆ་ཉོ་མི་ཚུ་ལུ་ ཉེས་ཆེན་གྱི་ ཉེས་འཛུགས་འབད་འབདཝ་མེདཔ་ལས་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༦ པའི་དགོངས་དོན་དང་འཁྲིལ་ ས་སོར་ཆུད་འབད་ནི་མ་གཏོགས་ གཞན་ཉེས་པ་འཁྲི་དགོཔ་ ག་ནི་ཡང་མེད་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ སྤྱི་ལོ་༢༠༡༢ ཟླཝ་༡༡ པའི་ནང་ ཧེ་མའི་ལྷན་རྒྱས་གཞུང་ཚོགས་ཀྱིས་ བློན་པོ་དང་ ཁོང་གི་ནང་མི་བཟའ་ཚང་ཚུ་གིས་ ས་ཆ་ཉོ་མི་ཚུ་ ལོག་གཞུང་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ རྩོད་གཞི་ཕྱེ་དགོཔ་ཅིག་ཡང་ མི་མཐོང་པས་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།
དྲང་དཔོན་གྱིས་འབད་བ་ཅིན་ ཚོགས་དཔོན་བགྲེསཔ་གིས་ ཁོ་རའི་གཡོགམོ་ལུ་ ཚུལ་མིན་གྱི་སྒོ་ལས་ ས་བགོ་སྤྲོད་འབད་མི་དང་ ནང་སྲིད་བློན་པོ་བགྲེསཔ་གིས་ གྲྭ་ཚང་གཉིས་ལུ་ སྤྲོད་མི་དེ་ཡང་ གཞུང་ལུ་ སོར་ཆུད་འབད་ཡོདཔ་ལས་ ཉོ་མི་ལུ་ ཁྲིམས་མ་ཕོག་ཟེར་ཨིན་མས།
ཨིན་རུང་ ས་ཆ་ལྷག་ལུས་༧༡ ལུས་མིའི་ རྩོད་བཤེར་དེ་ སྤྱིར་བཏང་བཙག་འཐུ་མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ འགོ་བཙུགས་ཚུགས་ནི་བཟུམ་འདུག་ཟེར་ དྲང་དཔོན་གྱིས་ བཤདཔ་ཨིན་པས།
ས་ཆ་ཚུ་ སོར་ཆུད་ཀྱི་ རྩོད་བཤེར་འབད་ནི་དེ་ རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འགྱངས་འབད་ཡོད་མི་དེ་ཡང་ ས་ཆ་བགོ་བཀྲམ་འབད་མི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ རྩོད་གཞི་ཚུ་ མཐོ་གཏུགས་ཁྲིམས་ཀྱི་འདུས་སར་ མཇུག་མ་བསྡུ་བར་ཡོད་པའི་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ཡང་ སྐབས་ཅིག་རྩོད་གཞི་དེ་ ཕྱིར་འགྱངས་འབད་དགོ་པའི་ ཡིག་ཐོག་ལུ་ ཞུ་བ་བཀོད་ནི་དེ་གིས་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་ནང་ ཉེས་འཛུགས་ཅན་ཚུ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་དེ་ཡོད་པའི་ཁར་ སྤྱི་ཚོགས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ འགོ་བཙུགས་རན་མི་དང་བསྟུན དང་པ་ར་ མཐོ་གཏུགས་ཀྱི་ རྩོད་བཤེར་ཚུ་ མཇུག་བསྡུ་དགོཔ་ ག་ནི་བ་ གལ་ཆེ་མི་ལུ་བརྟེན་ རྒྱལ་པོའི་ཞིང་གི་ ས་ཆ་དང་འབྲེལ་བའི་ རྩོད་གཞི་༧༤ པོ་དེ་ ཕར་བཤུད་རྐྱབ་གནང་ཟེར་བཀོད་ནུག།
དེ་མ་ཚད་ ལྷན་ཚོགས་ནང་ཡང་ མི་སྟོབས་ལངམ་མེདཔ་ལས་ མཐོ་གཏུགས་ཁྲིམས་འདུན་ཚུ་ལས་ ཉེས་བཤེར་གྱི་ བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ཚོད་ རྩོད་གཞི་ལྷག་ལུས་༧༤ ཕྱིར་འགྱངས་འབད་དགོཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་བསྐྱལ་མི་ ཡི་གུ་ནང་བཀོད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment