གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདན་ཆི་ ཁྲོམ་གསར་པའི་འཆར་གཞི་ ཆ་འཇོག་འབད་ཡོདཔ།

༢༤/༥/༢༠༡༣   ༉ ཟླ་ངོ་གཅིག་གི་ཧེ་མར་ ཞབས་ཏོག་ལྷན་ཁག་འོག་གི་ རྒྱལ་ཡོངས་གྲོས་བསྟུན་ཚོགས་ཆུང་གིས་ པདྨ་དགའ་ཚལ་ གདན་ཅི་གི་ ཁྲོམ་གསར་པའི་འཆར་གཞི་དེ་ ཆ་འཇོག་འབད་ཡོདཔ་བཞིན་དུ་ ཁྲོམ་གསར་པའི་ འཆར་གཞིའི་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་པས།


ལྷན་ཁག་གི་མདོ་ཆེན་ ཀུན་བཟང་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གདན་ཅི་ཁྲོམ་གསར་པའི་ འཆར་གཞི་དེ་ ཞབས་ཏོག་ལྷན་ཁག་གི་ རྒྱལ་ཡོངས་གྲོས་བསྟུན་ཚོགས་ཆུང་ཐེངས་༡༡ པ་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ འཚོགས་པའི་སྐབས་ལུ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ རྫོང་ཁག་གིས་ ས་ཆ་ཨེ་ཀར་༧༡ གི་ ཐོ་བཀོད་གྲུབ་མིའི་ ཇོ་བདག་༢༩ ཡོད་མི་ཚུ་ལས་ ས་ཆ་མཁོ་སྒྲུབ་འབད་ནིའི་ ལཱ་འགོ་བཙུགས་དགོ་ཟེར་ཨིན་པས།
ས་ཆ་མཁོ་སྒྲུབ་འབད་ནིའི་དོན་ལས་ རྫོང་ཁག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ གནང་བ་ཞུ་དགོ་ཟེར་ ཞབས་ཏོག་ལྷན་ཁག་གི་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཡིག་ཆ་ ཆ་འཇོག་འབད་དགོ་མི་དེ་ཡང་ དངུལ་རྩིས་ལྷན་ཁག་ལས་ འཆར་དངུལ་འཛིན་གྲོལ་འབད་ནི་ལུ་སྟབས་བདེ་ཐབས་ལུ་ ཨིན་ཟེར་ཨིན་པས།
པདྨ་དགའ་ཚལ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་ འབད་བ་ཅིན་ ཁོ་ར་ རྫོང་ཁག་ནང་ རྫོང་བདག་གསརཔ་ལྷོད་ཡོདཔ་ཨིན་རུང་ ཁོ་གིས་ འབད་བ་ཅིན་ གདན་ཅི་ཁྲོམ་གསརཔ་གི་ འཆར་གཞི་ཚུ་ ལཱ་འབད་བའི་བསྒང་འདུག་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ སའི་ཇོ་བདག་ཚུ་ལས་ ས་ཆ་མཁོ་སྒྲུབ་འབད་ནིའི་དོན་ལས་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་དགོཔ་ཡོད་རུང་ ད་ལྟོ་གྲོས་འཛོམས་འཚོགས་མ་ཚུགས་ཟེར་ཨིན་པས།
དེ་ཡང་ སྤྱི་ཚོགས་ཀྱི་བཙག་འཐུའི་ ལས་དོན་དང་འབྲེལ་བའི་ འུར་བྱེལ་ལུ་བརྟེན་ མི་མང་གྲོས་བསྟུན་གྱི་ ཞལ་འཛོམས་ འཚོགས་མ་ཆོགཔ་ལས་ བཙག་འཐུའི་བྱ་རིམ་མཇུག་བསྡུ་ཞིནམ་ལས་ ས་ཆའི་ཇོ་བདག་ཚུ་དང་ གྲོས་བསྟུན་ཞལ་འཛོམས་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ཤུ་མར་རྒེད་འོག་གི་ གདན་ཅི་ཁྲོམ་དེ་ ཁྲོམ་སྡེ་ཁ་པའི་གྲངས་སུ་ ཚུད་ནི་ཨིནམ་བཞིན་དུ་ ས་ཆ་ཨེ་ཀར་༡༡༣ ཡོད་མི་ལས་ ཚོང་ཁང་གི་དོན་ལུ་ ཁྱིམ་ས་༤༩ བཞག་ནི་དང་ ཁྱིམ་ས་རེ་ནང་ ས་ཆ་ཌིསི་༡༠ རེ་ བྱིན་ནི་ཨིན་པས།
དེ་ལས་ སྡོད་ཁྱིམ་གྱི་དོན་ལུ་འབད་བ་ཅིན་ ཁྱིམ་ས་༡༠༠ ལྷགཔ་ཅིག་ བཞག་ནི་ཨིན་མི་དང་འབྲེལ་ སྡོད་ཁྱིམ་རེ་ལུ་ ས་ཆ་ཌིསི་༡༦ རེ་ བཞག་ནི་ཨིན་ཟེར་ཨིན་པས།
བཟོ་བཀོདཔ་གོངམ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁྱིམ་ཚུ་ རང་ལུགས་ཀྱི་ བཟོ་བཀོད་ནང་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལུ་ ཤིང་ཆས་ཀྱི་ གོང་ཚད་དེ་ གྲོང་གསེབ་མི་སེར་ཚུ་གི་ གོང་ཚད་ཐོག་ལུ་སྦེ་ བྱིན་ནི་དང་ ཁྲོམ་སྡེ་གིས་འབད་བ་ཅིན་ སོ་ནམ་དང་ ནགས་ཚལ་ལྷན་ཁག་དང་ གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment