གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛིན་སྐྱོང་པ་དང་ སློབ་སྟོན་པ་གིས་ ལྟ་རྟོག་འབད་མི་དང་ དྲང་དཔོན་ལུ་ཉོགས་བཤད།

༢༤/༥/༢༠༡༣   ༉ ཁ་ཙ་ འབྲུག་ཨེསི་ཊར་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ ཐིམ་ཕུ་ཁྲོམ་སྡེའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ཚུན་ སྐུགས་༦ ཐོབ་མི་དེ་ སྡེ་ཚན་༥ གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་གིས་ དུས་ཡུན་ཚང་བའི་སྐབས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༣ བཙུགསཔ་ད་ འབྲུག་ཨིསི་ཊར་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཐིམ་ཕུ་ཁྲོམ་སྡེ་གིས་ སྐུགས་༣ ཐོབ་ཅི།

ཐིམ་ཕུ་ཁྲོམ་སྡེའི་ སྒོ་སྲུང་པ་གིས་ གཱོལ་བཟུང་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་།


རྩེད་འགྲན་མཇུག་བསྡུ་སྟེ་ འགྱོ་བའི་ལམ་ཁར་ འབྲུག་ཨིསི་ཊར་གྱི་ འཛིན་སྐྱོང་པ་དང་ སློབ་སྟོན་པ་༢ ཀྱིས་ རྩེད་འགྲན་གྱི་ ལྟ་རྟོག་འབད་མི་ དྲང་དཔོན་ལུ་ ཧད་བཏགས་འཚོལ་ཡོདཔ་མ་ཚད་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ལུ་ ཉེས་ཁ་ཚུ་ བཀལ་ཡོདཔ་ཨིན་པས།
འབྲུག་ཨིསི་ཊར་གྱི་ འཛིན་སྐྱོང་པ་དང་ སློབ་སྟོན་པ་༢ ཀྱིས་ རྩེད་འགྲན་འབད་བའི་སྐབས་ དྲང་དཔོན་དེ་གིས་ དྲང་བདེན་མ་འབད་བར་ ཆགས་དང་ཕྱོགས་རིས་ འབད་ཡི་ཟེར་བའི་ ཁ་ཉེས་ཚུ་ དྲང་དཔོན་ཁོ་ར་ལུ་མ་ཚད་ འགོ་འདྲེན་འཐབ་མི་ལུ་ཡང་ བཀལ་ཡོདཔ་ཨིན་པས།
དྲང་དཔོན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ བྱ་སྟབས་མ་བདེ་བའི་ དཀའ་ངལ་དུམ་གྲ་རེ་ཐོནམ་ད་ ག་ར་ཁྱབ་མ་ཚུགསཔ་ལས་ ཁ་ཉེས་བཀལ་ནི་དེ་ བདེན་ཟེར་ཨིན་རུང་ ང་དྲང་དཔོན་འབདཝ་ལས་ ཐག་བཅདཔ་མེན་པར་ དྲང་དཔོན་འོགམ་ཚུ་དང་བསྟུན་ཏེ་ ལཱ་འབད་དོ་ཟེར་ སླབ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ འབད་བ་ཅིན་ ཕམ་མི་སྡེ་ཚན་གྱི་ཧོངས་ལས་ སྟབས་མ་བདེཝ་ ཐོན་རུང་ ང་བཅས་སྡེ་ཚན་གྱི་ཧོངས་ལས་ ག་ནི་ཡང་ སླབ་སླབ་མེད་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་གྱི་འགོ་ཁྲིདཔ་དང་ འཛིན་སྐྱོང་པ་ དེ་ལས་ སློབ་སྟོན་འབད་མི་ཚུ་གིས་ ཁ་ཉེས་བཀལ་ནི་དེ་ ལམ་ལུགས་དང་འཁྲིལ་ཏེ་མེནམ་ལས་ ཡིག་ཚང་ནང་ ལོ་བྱུས་སླབ་སྟེ་ ཡིག་ཚང་གི་བཀའ་རྒྱ་ བཏོན་དགོཔ་བཟུམ་ཅིག་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment