གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་དང་སྨྱོ་རྫས་སྤྱོད་མི་ཚུ་གིས་ སྨན་བཅོས་འབད་ནི་ལུ་ ངོས་ལེན་མེདཔ།

༢༧/༥/༢༠༡༣   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཆང་དང་སྨྱོ་རྫས་སྤྱོད་མི་ ན་གཞོན་བུམོ་དང་ ཨམ་སྲུ་གི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ ཆང་དང་སྨྱོ་རྫས་ལུ་བརྟེན་ མེདཔ་ཐལ་ཏེ་ སྨན་བཅོས་དང་བསྐྱར་བཅོས་འབད་བར་འོང་མི་ཨམ་སྲུ་ ཚད་ཅིག་ལས་བརྒལ་མེདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ གསར་སྦི་ཐང་གི་ སྨན་བཅོས་དང་བསྐྱར་བཅོས་ལྟེ་བའི་ནང་ ཆང་དང་སྨྱོ་རྫས་ལུ་བརྟེན་ མེདཔ་ཐལ་མི་ཚུ་གི་དོན་ལུ་ གྲོགས་རམ་དང་ བསླབ་བྱ་ དེ་ལས་ སེམས་ཁམས་བསྒྱུར་བཅོས་ཀྱི་དོན་ལུ་འོང་མི་དེ་ ལེ་ཤ་གིས་ མར་བབ་སོང་ཡོདཔ་སྦེ་ ཨིན་པས།
སྤྱི་ལོ་༢༠༡༣ ཟླ་༡ པ་ལས་ ཟླཝ་༥ པ་ཚུན་ ཆང་དང་སྨྱོ་རྫས་ལུ་བརྟེན་ མེདཔ་ཐལ་མི་ ཨམ་སྲུ་༥ ལས་བརྒལ་ ལྟེ་བ་འདི་ནང་ འོང་མ་བཏུབ་ད་ སྤྱི་ལོ་༢༠༡༠ ལས་༢༠༡༢ ཚུན་ ཨམ་སྲུ་༧༢ དེ་ཅིག་ འོང་ཡོདཔ་ཨིན་པས།
ཞབས་རྟོག་ལྟེ་བའི་འཛིན་སྐྱོང་པ་ བློ་གྲོས་བཟང་པོ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨམ་སྲུ་དང་ ན་གཞོན་བུམོ་ལེ་ཤ་ཅིག་ར་ ཆང་དང་སྨྱོ་རྫས་སྤྱོད་ནི་དེ་ སྤང་མ་ཚུགས་པའི་ནད་གཞི་ལུ་ གྱུར་སོང་རུང་ ཞབས་ཏོག་ལྟེ་བའི་ནང་ འོང་མ་བཏུབ་མི་དེ་ ངོ་ཚ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་གྱི་ རྐྱེན་ངན་བྱུང་མི་ལུ་བརྟེན་ ཚ་གྱང་ལང་དགོ་པའི་གནད་དོན་དེ་ མི་སྡེའི་ནང་ ང་གིས་ སྨྱོ་རྫས་ཀྱི་སྐོར་ལས་ སླབ་པ་ཅིན་ མི་གིས་ ཁ་གཏང་ནི་དང་ སྐྱོན་བརྗོད་འབད་ནི་ དམའ་ཕབ་རྐྱབ་ནི་ལ་སོགས་པ་ལས་ བྲོས་ཟུར་འབད་དེ་ སྡོད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ བྱུང་ཉེན་འདུག་ཟེར་ཨིན་པས།
མི་སྡེ་ལུ་འདྲོག་བྱེལ་དང་ ཚེར་སྣང་ དེ་ལས་ གདོང་ཁར་ཐོན་ནི་ལས་ཟུར་ཐབས་འབད་དེ་ གསང་བའི་ཐོག་ལུ་ སྡོད་མི་གིས་ ད་རེས་ནངས་པའི་ ན་གཞོན་བུམོ་དང་ ཨམ་སྲུ་ཚུ་ འདི་བཟུམ་གྱི་ ལག་ལེན་འཐབ་མི་ བཀག་མ་ཚུགས་པའི་ཁར་ ཡར་སེང་འགྱོ་མི་དེ་ འདི་ལུ་བརྟེན་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཕམ་དང་སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་དང་ ཆ་རོགས་ དེ་ལས་ བསླབ་བྱ་ལེགས་ཤོམ་སྦེ་ བྱིན་དགོཔ་མ་ཚད་ བདག་འཛིན་འཐབ་ཐོག་ལས་ སེམས་ཀྱི་ཆ་རོགས་འབད་དགོཔ་དེ་ གལ་ཆེཝ་ཨིན་རུང་ ཕམ་དང་སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་མ་འབད་བ་ཅིན་ ལང་ཤོར་འགྱོ་དོ་བཟུམ་གྱི་ མཐོང་སྣང་བྱུངམ་མས་ཟེར་ཨིན་པས།
ཆང་དང་སྨྱོ་རྫས་སྤྱོད་ནི་ལུ་ ལང་ཤོར་སོང་མི་དེ་ ཨམ་སྲུ་ཚུ་ རྨགཔ་དང་ གཉེན་ཡ་བྲལ་སོང་མི་དང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ ཕམ་གྱིས་ ལེགས་ཤོམ་འབད་མ་བཏུབ་མི་ དེ་ལས་ ཆང་དེ་ ལམ་སྲོལ་བཟུམ་ཅིག་སྦེ་ ལོང་སྤྱོད་དོ་ཡོདཔ་ཨིན་པས།
ཆང་འཐུང་ནི་ལུ་ ལང་ཤོར་སོང་མི་དེ་ ནད་གཞི་དུག་དྲག་ཅིག་ཨིནམ་ལས་ ནད་གཞི་དེ་ལས་ དྲག་དགོ་པ་ཅིན་ སྨན་བཅོས་འབད་དགོ་ནི་དང་ ཐབས་རིག་ཚུ་བཏོན་ཏེ་འབད་བ་ཅིན་ འདི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
ཨམ་སྲུ་ཚུ་ ཞབས་ཏོག་ལྟེ་བ་ནང་ སྨན་བཅོས་ཀྱི་དོན་ལུ་ འོང་མ་ཚུགས་མི་དེ་ ངོ་ཚ་ནི་དེ་གིས་མེན་པར་ འཐུས་སྤྲོད་ནིའི་ ཏི་རུ་མེད་མི་ལུ་བརྟེན་ཨིནམ་ད་ ད་ལས་ཕར་ ཞིབ་འཚོལ་འབད་དེ་ ག་དེ་དྲག་དྲག་ དཀའ་ངལ་བསལ་ནི་ལུ་ ཐབས་དང་གནས་སྐབས་ཚུ་ གཏོན་ནིའི་འཆར་གཞི་བརྩམ་དགོཔ་འདུག་ཟེར་ཨིན་པས།
སྨན་བཅོས་འབད་བར་འོང་མི་ཚུ་ལུ་ སྨན་བཅོས་ཚུ་དུས་ཚོད་ཁར་ འབད་ཡོདཔ་མ་ཚད་ སེམས་དགའ་བའི་བཤད་ཐོ་གཏང་ཐོག་ལས་ ཁོང་ལུ་དགའ་བ་དང་ བརྩེ་གདུང་ དེ་ལས་ བདག་འཛིན་ལེགས་ཤོམ་འཐབ་མི་གིས་ ཕན་ཐོགས་བྱུང་སྟེ་ ད་རེས་ནངས་པ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་སྡོད་མི་ཡང་ ལེ་ཤ་ཡོད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཞབས་ཏོག་ལྟེ་བ་ནང་ སྨན་བཅོས་འབད་བར་འོང་མི་ ཕོ་སྐྱེས་ཚུ་ མ་ཉམས་པར་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ ཕོ་སྐྱེས་དང་ ན་གཞོན་བུཚ་བསྡོམས་༡༨༨ དེ་ཅིག་ སྨན་བཅོས་འབད་ཡོདཔ་ད་ སྤྱི་ལོ་༢༠༡༣ ཟླཝ་༡ ལས་༤ ཚུན་ ཕོ་སྐྱེས་༣༡ འོང་ཡོདཔ་ཨིན་པས། 
ད་རེས་ནངས་པ་ ཆང་དང་སྨྱོ་རྫས་ཀྱིས་ མེདཔ་ཐལ་མི་ཚུ་ སྨན་བཅོས་དང་བསྐྱར་བཅོས་འབད་བར་འོང་མིའི་ གྲས་ལས་ ཕོ་སྐྱེས་༡༢ དང་ ཨམ་སྲུ་༣ ཡོདཔ་ད་ སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ སྨན་བཅོས་འབད་བར་ བསྡོམས་ཀྱིས་ མི་༢༩༢ འོང་ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ མི་༢༢༠ གིས་ བསླབ་སྟོན་དང་ སྦྱོང་བརྡར་ལེགས་ཤོམ་འབད་དེ་ མཐར་འཁྱོལ་ཡོདཔ་ད་ མི་༧༥ གིས་ བསླབ་སྟོན་དུས་ཚོད་མ་ཚངམ་ལས་ སོང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment