གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༡༦༡ ཆ་མེད་སོང་ཡོདཔ།

༣༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༩ དང་༣༠ འི་བར་ན་ རྩི་རང་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཚུ་གིས་ སྲིད་དོན་ཚོགས་པའི་འདེམས་ངོ་དང་ ངོ་ཚབ་ཚུ་གི་གདོང་ཁར་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་བའི་སྐབས་ ཡོངས་བསྡོམས་ཚོགས་རྒྱན་གྱི་དོན་ལུ་ ཡི་གུ་བཙུགས་མི་༢༢༡༧ ཡོད་མིའི་གྲས་ལས་ ཚོགས་རྒྱན་གྱི་འོས་འབབ་ཡོད་མི་༡༨༧༥ བཞག་པའི་ལྷག་ལུས་༡༦༡ ཆ་མེད་སོང་ཡོདཔ་ཨིན་པས།


རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་པའི་གྲས་ལས་ དཀྱིལ་འཁོར་ཐང་ མན་ཌལ་སྒང་འདེམས་ཁོངས་ཀྱི་དོན་ལུ་ འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཡི་གུ་བཙུགས་མི་༡༡༧༣ ལྷོད་མིའི་གྲས་ལས་༩༦༨ ལོག་བཏང་ཡོདཔ་ད་ དེ་གི་གྲས་ལས་༨༩༢ ཆ་འཇོག་འབད་ཡོདཔ་ཨིན་པས།
གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་འབད་བ་ཅིན་ ཡི་གུ་བཙུགས་མི་༡༠༤༤ ཡོད་ས་ལས་༨༩༧ ལོག་བཏང་ཡོད་མིའི་གྲས་ལས་༧༩༣ ཚོགས་རྒྱན་བཙུགས་ཏེ་ ལོག་ལྷོད་ཡོད་མི་ཚུ་ལས་༧༩༣ ཆ་འཇོག་འབད་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་ཚུ་ དེ་སྦེ་ཆ་མེད་སོང་མི་དེ་ཡང་ མང་ཤོས་ ཚོགས་རྒྱན་བཙུགས་མི་ཚུ་གི་ ངོ་རྟགས་གསལ་བསྒྲགས་འབད་མིའི་ལག་ཁྱེར་ཚུ་ ཡིག་ཤུབས་ནང་མེད་མི་དང་ གཞན་མི་ཚུ་ རང་སོའི་བརྡ་དོན་ཚུ་ ཚངམ་སྦེ་ མེད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ བསྡོམས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཡི་གུ་བཙུགས་མི་༢༢༡༧ ནང་ལས་༤༤༡ ཆ་མེད་བཏང་མི་དེ་ཡང་ མང་ཤོས་ཅིག་གིས་ ཐོ་བཀོད་མ་འབད་མི་དང་ གཞན་མི་ཚུ་ འབྲི་ཤོག་ནང་ ངོས་འཛིན་འདྲ་པར་ཨང་མེད་མི་ དེ་ལས་ འགྲེམ་ཐོག་ཁ་བྱང་དང་ དཔང་པོའི་ཁ་བྱང་ཚུ་ ཚུལ་མཐུན་མེད་མི་ལུ་བརྟེན་ཨིན་ཟེར་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་ཨིན་པས།
རྩི་རང་རྫོང་ཁག་ནང་ རྒེད་འོག་༡༢ ནང་ འོས་ཚད་ལྡན་པའི་ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་བསྡོམས་༢༠,༨༦༣ ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༩ ལས་ སྡེ་ཁྲིད་འགོ་དཔོན་དང་ བཙག་འཐུ་འགོ་དཔོན་ དེ་ལས་ སྲུང་སྐྱོབ་ཀྱི་མི་ཚུ་ཡང་ བཙག་འཐུའི་དོན་ལུ་ རྫོང་ཁག་འོག་གི་ འདེམས་ཁོངས་༤༢ ནང་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment