གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་དང་འབྲེལ་བའི་འུར་བྱེལ་དེ་ རྩོད་བསྡུར་གྱི་གཞི་གནས་ཨིནམ།

༢༩/༥/༢༠༡༣    ༉ ང་བཅས་རའི་རྒྱལ་ཁབ་ནང་ སྔོན་དང་ཕུ་དང་མ་འདྲ་བའི་ སྤྱི་ཚོགས་ཀྱི་ལམ་ལུགས་གསརཔ་གཞི་བཙུགས་འབད་དེ་ ལོ་༥ ལང་པའི་ཤུལ་ལུ་ ད་རུང་ བཙག་འཐུ་ཐེངས་༢ པའི་འགོ་ཐོག་ཚོགས་རྒྱན་བཙུགས་ནི་གི་ཉིནམ་དེ་ སྦོ་ལོགས་ཁ་ལུ་ར་ལྷོད་ཡོདཔ་བཞིན་དུ་ ས་གནས་ག་ཏེ་འགྱོ་རུང་ ག་ཏེ་སྡོད་རུང་ མི་སེར་ཚུ་ སྡེ་ཚན་བཟོ་ཞིནམ་ལས་ སྲིད་དོན་ཚོགས་པ་༤ དང་ འདེམས་ངོ་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་སྡོད་པའི་བར་ན་ རྩོད་བསྡུར་རྐྱབ་ནི་གུ་ ལྷོད་དོ་ཡོདཔ་ཨིན་པས།


གླ་འཁོར་བཞག་སའི་ས་ཁོངས་ནང་བཟུམ་ཅིག་འབད་རུང་ གླ་འཁོར་དེད་གཡོགཔ་མང་ཤོས་ར་ སྲིད་དོན་ཚོགས་པའི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ རང་གི་དགའ་མི་ སྲིད་དོན་ཚོགས་པའི་ཁ་ཐུག་ལས་སྦེ་ རྩོད་བསྡུར་འབདཝ་ཨིན་པས།
གླ་འཁོར་དེད་གཡོགཔ་ཅིག་ཨིན་མི་ བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ གླ་འཁོར་བཞག་ས་ནང་ འགྲུལ་པ་བསྒུག་སྡོད་པའི་སྐབས་ རང་གི་ཁྱིམ་ནང་དང་ ཆ་རོགས་ཚུ་གི་ ལོ་རྒྱུས་སླབ་སྡོད་དོ་ཡོདཔ་ཨིན་རུང་ ད་རེས་སྐབས་ཅིག་ལས་ ཨ་རྟག་ར་ བཙག་འཐུ་དང་ སྲིད་དོན་ཚོགས་པ་ དེ་ལས་ ཁོང་གི་ ཁས་བླངས་གསལ་བསྒྲགས་ག་དེ་སྦེ་ འབདཝ་ཨིན་ན་གི་ ལོ་རྒྱུས་ཚུ་ གཅིག་ཤུལ་གཉིས་སྦེ་ སླབ་སྡོད་དོ་ཟེར་ཨིན་པས།
སྤ་རོ་གི་ མི་སེར་ལ་ལུ་ཅིག་ བཙག་འཐུའི་དུས་ཚོད་རན་ཏེ་ ཚོགས་རྒྱན་གྱི་ རང་དབང་ལག་ལེན་འཐབ་ནི་ནང་ གོ་སྐབས་ཐོབ་ནི་མས་ཟེར་ སེམས་དགའ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ས་ཐག་རིང་ས་ འགྲོ་འགྲུལ་འབད་དེ་ ཚོགས་རྒྱན་བཙུགས་པར་འགྱོ་ནི་དེ་ རང་གི་ཏི་རུ་དང་ དུས་ཚོད་རྫོགས་པའི་གཞི་ཅིག་ལས་བརྒལ་མིན་འདུག་ཟེར་ སླབ་མི་ཡང་ ཐོནམ་ཨིན་པས།
སྐྱེས་ལོ་༢༨ ལང་མི་ སོ་ནམ་ཞིང་པ་ཅིག་ཨིན་མི་ ལྷག་པ་ཁོ་ར་ ན་རྒྱ་རྒེད་འོག་ལས་ཨིན་རུང་ ད་ལྟོ་ གནས་ཚང་དང་གཅིག་ཁར་ སྤ་རོ་ ལུགས་གཉིས་རྒེད་འོག་ནང་སྡོད་དོ་ཡོདཔ་ད་ ཁོ་གི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ སྣུམ་འཁོར་ནང་ འགྱོ་དགོཔ་ཨིན་རུང་ ཚོགས་རྒྱན་བཙུགས་པ་འགྱོ་ལུ་ སེམས་ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ལུ་འགན་ཁུར་ངོ་མ་དེ་ རང་གིས་ དགའ་མི་སྲིད་དོན་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་ཨིནམ་ལས་ རྒྱལ་ཁ་ཐོབ་རུང་མ་ཐོབ་རུང་ འགན་ཁུར་འགྲུབ་ཞིནམ་ལས་ བསམ་པ་རྫོགས་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ མགོནམ་ཚེ་རིང་དེ་ གཞལམ་སྒང་ ཤིང་མཁར་ལས་ཨིནམ་ད་ ཁོ་གིས་ སྐྱེས་ལོ་༩ ལས་ ཁོ་རའི་ཨའི་དང་ སྤུན་ཆ་ཚུ་དང་གཅིག་ཁར་ སྤ་རོ་ལུ་ ཤིང་དྲ་ཁང་ཅིག་ནང་ ལཱ་འབད་སྡོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ས་ཐག་རིང་ས་ལས་ འགྲོ་འགྲུལ་འབད་དེ་ ཚོགས་རྒྱན་བཙུགས་པ་འགྱོ་ནི་དེ་ རང་གི་ཏི་རུ་བརླག་ནིའི་ གཞི་ཅིག་ལས་མིན་འདུག་ཟེར་ སླབ་ཨིན་པས།
ད་ལྟོ་ བཙག་འཐུ་དེ་ ཁག་ཆེ་བས་ཟེར་མནོ་སྟེ་ ཟད་འགྲོ་སྦོམ་བཏང་ཐོག་ལས་ གཡུས་ཁ་ཚོགས་རྒྱན་བཙུགས་པ་ འགྱོ་རུང་ ཤུལ་ལས་ རྒྱལ་ཁ་ཐོབ་མི་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ག་ཨིན་རུང་ མི་སེར་རེ་རེ་གི་ སྐྱིད་སྡུག་མཐོང་ཚུགས་ནི་དེ་ ལཱ་ཁག་བཏང་འོང་ཟེར་ཨིན་པས།
ཁོ་གིས་ ད་ལྟོ་གཞལམ་སྒང་ལས་ འདེམས་ངོ་ག་དང་ག་གིས་ སྲོད་དོན་ཚོགས་པ་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་ན་ མ་ཤེསཔ་མ་ཚད་ ཁོང་ཚུ་ ངོ་ཡང་མི་ཤེས་ཟེར་ཨིན་པས།
མགོནམ་ཚེ་རིང་གིས་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ བཙག་འཐུ་ག་དེམ་ཅིག་ འགོ་འདྲེན་འཐབ་སྟེ་འབད་རུང་ ཚོགས་རྒྱན་བཙུགས་པ་ ཚར་གཅིག་ཡང་ མ་སོང་ཟེར་བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment