གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས།

༢༣/༥/༢༠༡༣   ༉ མི་སེར་ལུ་ དབང་ཚད་ཕྱིར་སྤེལ་གྱི་ ཁས་ལེན་ཐོག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ས་གནས་གཞུང་ལུ་ བདག་སྐྱོང་དང་ དངུལ་འབྲེལ་གྱི་ གྲོས་ཐག་བཅད་ནི་གི་ དབང་ཚད་མངམ་བྱིན་ནི་གི་ ཁས་བླངས་འབདཝ་ཨིན་པས།

 
ཚོགས་པ་གིས་ རྒེད་འོག་རེ་ལུ་ ལོ་བསྟར་བཞིན་དུ་ མ་དངུལ་དངུལ་ཀྲམ་ས་ཡ་༢ རེ་ བགོ་བཀྲམ་འབད་ནི་སྦེ་ ཁས་བླངས་གསལ་བསྒྲགས་ནང་ གསལ་བཀོད་འབད་ཡོདཔ་ད་ གལ་སྲིད་ གཞུང་སྐྱོང་ནི་གི་ གོ་སྐབས་ཐོབ་པ་ཅིན་ གཞུང་གཞི་བཙུགས་འབད་དེ་ བདུན་ཕྲག་དང་པའི་ནང་ར་ དངུལ་ཕོགས་ལྷན་ཚོགས་ལུ་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ དངུལ་ཕོགས་དང་ ཁེ་ཕན་ཚུ་ ལྟ་ཞིབ་ཐོག་ རྒཔོ་ཚུ་གི་ དངུལ་ཕོགས་ལོག་ལྟབ་ཡར་སེང་འབད་ནི་གི་ འོས་འབབ་ཚུ་ བལྟ་དགོཔ་སྦེ་ སླབ་ནི་ཟེར་ཨིན་པས།
མི་སེར་ཚུ་ མཐའ་ཟུར་ས་གནས་ཚུ་ནང་ སྡོད་པའི་སྐབས་ སྐྱིད་ཉམས་ཅན་ཡོདཔ་ བཟོ་ཐབས་ལུ་ རྒེད་འོག་ཆ་མཉམ་ལུ་ གཞི་རྟེན་མཐུན་རྐྱེན་ཡོདཔ་ ངེས་བརྟན་བཟོ་ནི་གི་ ཁས་བླངས་འབད་བའི་ཁར་ རྒེད་འོག་ཆ་མཉམ་ནང་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་ སྐྱེལ་འདྲེན་གྱི་དོན་ལུ་ སྣུམ་འཁོར་རེ་དང་ མར་ཁུ་བཀྲམ་སྤེལ་ཁང་ཅིག་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཚོང་ཁང་ཅིག་ སོ་ནམ་ཞིང་པའི་ དངུལ་ཁང་ཅིག་ཡོདཔ་བཟོ་ནི་ཨིན་པས།
ད་རུང་ ཚོགས་པ་དེ་གིས་ སྤྱི་འོག་དང་ ཡང་ཅིན་ གཡུས་ཚན་རེ་ནང་ ཞིང་རྨོ་འཕྲུལ་རེ་ མཁོ་སྤྲོད་འབད་ནི་ཨིནམ་མ་ཚད་ གྲོང་གསེབ་གོང་འཕེལ་གྱི་ ལྷན་ཐབས་ལུ་ སྣུམ་འཁོར་ནང་འདྲེན་ལོག་བཙུགས་ཐོག་ལས་ སོ་ནམ་ཞིང་པ་ཚུ་ལུ་ སྐྱེལ་འདྲེན་སྣུམ་འཁོར་ཚུ་ ཉོ་བཅུག་ནི་ཟེར་ ཁས་བླངས་གསལ་བསྒྲགས་ནང་བཀོད་ནུག།
ས་གནས་གཞུང་རྩ་བརྟན་བཟོ་ཐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྫོང་ཁག་གཙོ་ཁང་རེ་རེ་ནང་ ཁྲོམ་སྡེ་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ད་ ད་རུང་ རྫོང་ཁག་རེའི་ནང་ བཟའ་ཉལ་ཁང་གི་ མཐུན་རྐྱེན་ཡོད་མི་ སློབ་གྲྭ་ལེགས་ཤོམ་རེ་དང་ ས་རྐོ་རྡོ་སློག་འཕྲུལ་ཆས་༡ དེ་ལས་ རྫོང་ཁག་སྨན་ཁང་རེ་ནང་ སྨན་བཅོས་མཁས་མཆོག་ཅིག་རྩིས་ཏེ་ ཌོག་ཊར་༣ དང་ ནདཔ་སྐྱེལ་ལེན་སྣུམ་འཁོར་༢ རེ་ཡོདཔ་ བཟོ་ནི་ཨིན་པས།
ཚོགས་པ་དེ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཐོབ་ཚུགསཔ་བཟོ་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་ འཐུས་སྤྲོད་ནིའི་ ལམ་ལུགས་བཟོ་ནི་ ཤེས་རིག་གི་ སྤུས་ཚད་ཡར་དྲག་བཟོ་ནི་དང་ སློབ་ཕྲུག་ཚུ་ལུ་ མི་མང་སྐྱེལ་འདྲེན་དང་ འཕུར་འགྲུལ་ཚུ་ནང་ ཕབ་ཆག་བྱིན་ནི་ཟེར་ ཁས་བླངས་འབདཝ་ཨིན་པས།
ཕོ་མོའི་ཐོབ་སྐལ་འདྲ་མཉམ་བཟོ་ཐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ སྤྱི་ཚོགས་དང་ ས་གནས་གཞུང་ནང་ ཨམ་སྲུའི་ཐོབ་སྐལ་ཚུ་ བཞག་ནི་ཨིནམ་ད་ སྐྱེས་མ་ཚུ་གི་ ཨ་ལུ་སྐྱེས་བའི་ ངལ་གསོ་ཡར་སེང་དང་ དུས་ཡུན་ཟླཝ་༩ ཚུན་ དུས་ཚོད་བྱ་སྟབས་གང་བདེའི་ ལམ་ལུགས་ཡང་ གཞི་བཙུགས་འབད་ནི་ཨིན་པས།
དེ་ལས་ ཞི་གཡོགཔ་ཚུ་གི་དོན་ལུ་ ཁང་གླའི་འཐུས་བརྒྱ་ཆ་༢༠ ཐོབ་ལམ་ཡོདཔ་བཟོ་ནི་དང་ དངུལ་ཕོགས་དང་ ཉིན་འཐུས་འགྲུལ་འཐུས་ཚུ་ ཡར་སེང་འབད་ནི་ ཞི་གཡོག་པའི་བཅའ་ཡིག་འཕྲི་སྣོན་འབད་ནི་ ཞི་གཡོག་ཆོས་རྒྱུགས་མ་རྐྱབ་པའི་ཧེ་མར་ སྔོན་འགྲོའི་ཆོས་རྒྱུགས་མེདཔ་བཟོ་ནི་ཨིན་པས།
ཁས་བླངས་ལེ་ཤ་འབད་མི་ཚུ་གི་གྲས་ལས་ སྒེར་སྡེ་གོང་འཕེལ་གྱི་དོན་ལུ་ ཚོགས་པ་གིས་ ཕྱི་རྒྱལ་ཐད་ཀར་གྱི་ མ་རྩ་འཛུགས་སྤྱོད་ལས་སྣ་ཚུ་ལུ་ བརྩོན་ཤུགས་བསྐྱེད་བཅུག་ནི་དང་ སྒེར་མི་ཚོང་འབྲེལ་འཐབ་མི་ཚུ་ལུ་ གོ་སྐབས་གསརཔ་བཟོ་ནི་ ཟུང་ཕྱོགས་ཚོང་འབྲེལ་ཆིངས་ཡིག་ཚུ་ བསྐྱར་གསོ་འབད་ནི་ ཚོང་འབྲེལ་མཉམ་རོགས་རྒྱལ་ཁབ་ཚུ་དང་ འོས་འབབ་བལྟ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment