གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་ བསད་པའི་དོགས་སྣང་།

༢༧/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཆུ་ཁ་རྫོང་ཁག་ ཨ་ལེ་ཁ་མི་སྡེ་སློབ་གྲྭའི་ས་ཁོངས་ནང་ སྐྱེས་ལོ་༣༧ འབད་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༣༡ ལང་མི་ ཁོ་རའི་གནས་ཚང་གི་མགུ་ཏོ་གུ་ གྱི་རྐྱབ་ཐོག་ལས་ བསད་པའི་ཤུལ་ལུ་ ཁོ་རའི་ཨོལ་ལྐོ་བཏོགས་ཏེ་ རང་སྲོག་བཅད་ཡོད་པའི་ དོགས་སྣང་ཡོདཔ་ཨིན་པས།
ཚེ་འདས་གཉིས་ཆ་ར་ སློབ་གྲྭ་དེ་གི་ སྤྱིར་བཏང་སློབ་དཔོན་ཨིནམ་ད་ རྐྱེན་ངན་དེ་གི་སྐོར་ལས་ ཁྱིམ་ཚང་དང་ སློབ་གྲྭའི་དབུ་འཛིན་གྱིས་སྦེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་ལྷོད་པའི་སྐབས་ རྨ་སྐྱོན་ལེ་ཤ་བཏོན་མི་ གནས་ཚང་དེ་གི་ཕུངམ་དེ་ མཆོད་བཤམ་ནང་ཡོདཔ་ད་ ཕོ་སྐྱེས་དེ་ སྨན་ཁང་ནང་འབག་པའི་སྐབས་ ལམ་ཁར་ཤི་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིནམ་མ་ཚད་ གྱི་ཅུང་དེ་ཡང་ ཁོང་ར་ཉལ་སའི་ ཉལ་ཁྲི་འོག་ལུ་ བཞག་ནུག་ཟེར་ཨིན་པས།
དེ་བསྒང་ བཟའ་ཚང་དེ་གི་ཨ་ལུ་ སྐྱེས་ལོ་༩ ལང་མི་བུམོ་དེ་དང་ སྐྱེས་ལོ་༤ ལང་མི་ བུཚ་༢ ཡང་ ཁྱིམ་ནང་ར་ སྡོད་ཡོདཔ་ཨིན་རུང་ གནོད་སྐྱོན་ཚུ་ ག་ཅི་ཡང་མ་བྱུངམ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ ཁ་ཙ་ བཙག་འཐུའི་ལས་བྱེདཔ་སྦེ་ འགྱོ་ནི་ཨིན་མི་ གནས་ཚང་དེ་གི་ རྣམ་ཅོག་གཡས་པའི་ལྟག་ལུ་ རྨ་སྐྱོན་ཁག་༤ ལས་མངམ་སྦེ་ བཏོན་ཡོདཔ་ད་ གྱི་ཅུང་གིས་ ཨམ་སྲུ་དེ་གི་ ལག་པའི་མཛུབ་མོ་ཅིག་ བཏོགས་བཏང་པའི་ཁར་ ལགཔ་ཅིག་ཡང་ བཏོག་བཀོ་ནིའི་དཔའ་བཅམ་འབད་ནུག་ཟེར་ཨིན་པས།
གནས་ཚང་དེ་ལུ་ རྨ་སྐྱོན་ཚུ་ག་ར་ གཟུགས་ཀྱི་རྒྱབ་ཁར་བཏོན་ཡོདཔ་ལས་ གནོད་སྐྱོན་དེ་ རྒྱབ་ཁ་ལས་སྦེ་ རྐྱབ་རྐྱབ་འོང་ནི་ཨིནམ་ད་ ཕོ་སྐྱེས་དེ་གི་གཟུགས་ཁ་ལུ་འབད་བ་ཅིན་ ཨོལ་ལྐོག་བཏོགས་མི་དེ་ རྐྱངམ་གཅིག་ལས་ གཞན་མི་རྨ་སྐྱོན་ ག་ཅི་ཡང་ མ་བྱུང་མས་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ བཟའ་ཚང་༢ ཀྱི་ བུམོ་དེ་གིས་ ཐབ་ཚང་གི་ སྒོ་སྒྲིག་ནང་ལས་ཐོན་སོང་སྟེ་ དབུ་འཛིན་ལུ་ སྙན་ཞུ་འབད་ཡོདཔ་ད་ དབུ་འཛིན་དང་ ཁྱིམ་ཚང་ཚུ་གིས་ ཁྱིམ་དེ་ནང་ལྷོདཔ་ད་ སྒོ་གི་ནང་ན་ལས་ བསྣལ་ལྕགས་རྐྱབ་བཞག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ སྒོ་ཕྱལ་ཐོག་ལས་ ཁྱིམ་ནང་འཛུལ་བའི་སྐབས་ གནས་ཚང་དེ་ ཤི་ཡོདཔ་སྦེ་མཐོང་ཡོདཔ་ད་ ཕོ་སྐྱེས་དེ་ ཁོ་རའི་ཨོལ་ལྐོག་བཏོགས་བཏང་མི་ལུ་བརྟེན་ ཤི་ནིའི་གུ་ལྷོད་ཡོདཔ་མཐོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེ་འཕྲོ་ལས་ ཁོང་ཆ་ཁྱབ་ཀྱིས་ ཕོ་སྐྱེས་དེ་ ཁྱིམ་ནང་ལས་བཏོན་ཏེ་ སྨན་ཁང་ནང་འབག་ནིའི་ དཔའ་བཅམ་པའི་སྐབས་ ཤི་སོཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གི་བུམོ་དེ་ ད་ལྟོའི་བར་ན་ཡང་ འཇིགས་སྣང་ཐོག་ལུ་ཡོདཔ་ལས་ ངག་བརྗོད་ཚུ་ ག་ཅི་ཡང་ ལེན་མ་ཚུགས་མི་ལུ་བརྟེན་ རྐྱེན་ངན་དེ་གི་སྐོར་ལས་ དབྱེ་ཞིབ་འབད་བའི་བསྒང་ར་ ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་སླབ་མིའི་ནང་ ཁོང་ར་༢ ཆ་ར་ ཤི་སོ་པའི་ཁར་ རྐྱེན་ངན་བྱུང་སར་ ག་གིས་ཡང་ མ་མཐོང་ནི་དེ་གིས་ བྱ་ངན་དེ་ ཕོ་སྐྱེས་དེ་གིས་ འབད་འབདཝ་ཨིན་ན་མེན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
ཚེ་འདས་༢ ཀྱི་ཕུངམ་ཚུ་ ཁོང་རའི་མི་ཚན་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཨ་ལུ་༢ ཡང་ ཁོང་གིས་ ཁྱིད་སོང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment