གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཨོ་ལིམ་པིག་ མདའ་རྩེདཔ་གི་ མཐའན་མཇུག་བཙག་འཐུ་ནང་ བུཚ་༥ དང་བུམོ་༣ འཐུ་ནི་ཨིནམ།

༢༡/༥/༢༠༡༣   ༉ འབྲུག་མདའ་རྩེད་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ནང་ སློབ་ཕྲུག་༡,༡༠༠ ལུ་ གནམ་དགུན་གྱི་ མདའ་རྩེད་སློབ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་གྲས་ལས་ ད་རེས་ནངས་པ་ སློབ་ཕྲུག་༢༤ རྒྱལ་ཡོངས་ཀྱི་ ཨོ་ལིམ་པིག་མདའ་རྩེདཔ་སྦེ་ བདུན་ཕྲག་ནང་ར་ གདམ་འཐུ་འབད་ནི་ཨིན་པས།
མཐའན་མཇུག་བཙག་འཐུའི་དོན་ལུ་ སྦྱོང་བརྡར་འབད་མི་དང་ སློབ་སྟོན་པ་ཚུ།


དེ་ཡང་ སྤྱི་ལོ་༢༠༡༣ ཟླ་༡ པ་ལས་ ཟླ་༢ པའི་ཚེས་༨ ཚུན་ སློབ་ཕྲུག་བུཚ་དང་ བུམོ་བསྡོམས་༡,༡༠༠ ལུ་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ ནུབ་ཕྱོགས་རྫོང་ཁག་ ཐིམ་ཕུ་ ལྷོ་ཕྱོགས་རྫོང་ཁག་ ཕུན་ཚོགས་གླིང་ དེ་ལས་ དབུས་ཕྱོགས་རྫོང་ཁག་ དགེ་ལེགས་ཕུག་ལུ་སྦེ་ མདའ་རྐྱབ་ཐངས་ཀྱི་ ལམ་ལུགས་དང་ རིག་རྩལ་ ཡོན་ཏན་གོང་འཕེལ་གཏང་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
འབྲུག་མདའ་རྩེད་ཚོགས་པའི་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ སློབ་ཕྲུག་བུཚ་༡༨ དང་ བུམོ་༦ གདམ་འཐུ་འབད་ཡོད་མིའི་གྲས་ལས་ ཨོ་ལིམ་པིག་ མདའ་རྩེད་ཚོགས་པའི་ རྩེད་འགྲན་པ་སྦེ་ བུཚ་༥ དང་ བུམོ་༣ གདམ་འཐུ་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢༥ ཚུན་ སྦྱོང་བརྡར་བྱིན་ནི་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་ ཨོ་ལིམ་པིག་མདའ་རྩེདཔ་སྦེ་ གདམ་འཐུ་འགྲུབ་ཞིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཡོདཔ་བཞིན་དུ་ གསོལ་རས་ཚུ་ཡང་ བྱིན་ནི་ཨིན་པས།
བུཚ་༡༨ ཡོད་པའི་གྲས་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ མཆོད་རྟེན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༢ པ་མཐར་འཁྱོལ་བའི་ཤུལ་ལུ་ མཐོ་རིམ་ཤེས་ཚད་ལྷབ་ནིའི་གོ་སྐབས་མ་ཐོབ་པར་ སྡོད་པའི་སྐབས་ འབྲུག་མདའ་རྩེད་ཚོགས་པ་གིས་ སྤྱིར་བཏང་ སྐྱེས་ལོ་༡༦ ལས་༢༣ འབད་མི་ཚུ་གིས་ རྒྱལ་ཡོངས་ཨོ་ལིམ་པིག་ མདའ་རྩེདཔ་གདམ་འཐུ་འབད་ནི་ནང་ གོ་སྐབས་བྱིན་ཡོདཔ་མ་ཚད་ ཤུལ་ལས་ འཕྲོ་མཐུད་ཤེས་ཡོན་སྦྱང་ནིའི་ གོ་སྐབས་ཡོད་ཟེར་ གནས་ཚུལ་གོ་བའི་ཤུལ་ལུ་ བཅའ་མར་གཏོགས་ཏེ་ དྲག་ཤོས་ཨང་༡༨ གྲངས་སུ་ ལྷོད་ཚུགས་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༡ ལང་མི་ རྡོ་རྗེ་དབང་མོ་དེ་ མི་གནགཔ་ཨིནམ་མ་ཚད་ མོ་ལུ་ ཨ་ལུ་༡ ཡོད་པའི་ཁར་ མོ་ར་ མདའ་རྩེད་ནང་ སྤྲོ་བ་ཡོད་མི་ལུ་བརྟེན་  བཅའ་མར་གཏོགས་ཡོདཔ་ད་ གལ་སྲིད་ གདམ་འཐུ་འགྲུབ་པ་ཅིན་ མོ་རའི་མི་ཚེ་ནང་ མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས།
དྲུང་ཆེན་ཚེ་དབང་ རིན་ཆེན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ད་ལྟོ་ གདམ་འཐུ་འབད་མི་ སློབ་ཕྲུག་༢༤ པོ་དེ་ བཅའ་མར་གཏོགས་མི་༦༠ ཡོད་པའི་གྲས་ལས་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
ཁོང་༢༤ གི་གདམ་འཐུ་དེ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐིམ་ཕུ་ གླང་རྒྱུག་ཕར་ཁའི་ སྦྱོང་བརྡར་ས་ཁོངས་ནང་ལུ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment