གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༦༧༠ ལྷོད་མི་ལས་༧༢ ཆ་མེད་བཏང་ཡོདཔ།

༣༡/༥/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་མི་དང་འཁྲིལ་ ཀྲོང་-བར་དོ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༦༧༠ ལྷོད་ཡོདཔ་ཨིན་རུང་༧༢ ཆ་མེད་བཏང་ཡོདཔ་ཨིན་པས།


ཀྲོང་-བར་དོ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཆ་མེད་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ ལ་ལུ་ཅིག་ནང་ ངོས་འཛིན་འདྲ་པར་གྱི་ ཨང་གྲངས་མ་ཚང་མི་དང་ ཨང་གྲངས་འཛོལ་མི་ དཔང་པོ་ཚུ་ བཙག་འཐུའི་ནང་ ཐོ་བཀོད་མ་འབད་མི་ དེ་ལས་ ཁ་བྱང་འཛོལ་མི་ཚུ་ ཨིན་མས་ཟེར་ཨིན་མས།
འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བསྡོམས་༢,༠༧༧ ཐོབ་ས་ལས་༣༤༦ ཆ་མེད་བཏང་པའི་ཤུལ་ལུ་༡,༧༣༡ ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་ཚུའི་གྲས་ལས་༡༡ རྒྱ་གར་དང་ ཨཱསི་ཊེ་ལི་ཡ་ དེ་ལས་ བེལ་ཇི་ཡམ་རྒྱལ་ཁབ་ནང་ བཏང་ཡོདཔ་བཞིན་དུ་ རྒྱ་གར་རྒྱལ་ཁབ་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་མང་ཤོས་ར་ ལྷོད་ཅི་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ པཱན་སྦང་འདེམས་ཁོངས་ཀྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༧༢༣ ལྷོད་ས་ལས་༥༣ ཆ་མེད་བཏང་ཡོདཔ་ད་ པཱན་སྦང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཀུན་ལེགས་དབང་འདུས་ཀྱིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ ཚོགས་རྒྱན་ཚུ་གི་གྲས་ལས་ སི་རི་ལང་ཀ་དང་ ཨཱསི་ཊེ་ལི་ཡ་ དེ་ལས་ རྒྱ་གར་རྒྱལ་ཁབ་ཚུ་ནང་༥ བཏང་ས་ལས་༣ མ་གཏོགས་ ལོག་མ་ལྷོད་ཟེར་སླབ་ཅི།
འདེམས་ཁོངས་དེ་གི་དོན་ལུ་ ཞུ་ཡིག་བསྡོམས་༨༨༣ ཐོབ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ ཆ་མེད་བཏང་དགོཔ་ ཐོན་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ འབྲི་ཤོག་ཕཱོམ་ཚུ་གུ་ རང་སོའི་ འབྲེལ་བ་འཐབ་སའི་ འགྲུལ་འཕྲིན་དང་ བརྒྱུད་འཕྲིན་ཨང་གྲངས་ཚུ་ བཀོད་བཏང་ཡོདཔ་ལས་ འཛོལ་བ་བྱུང་མི་ ལ་ལུ་ཅིག་ ལོག་བརྒྱུད་འཕྲིན་བཏང་སྟེ་ དག་བཅོས་འབད་ཚུགས་ཡོདཔ་ཨིན་རུང་ འགྲོས་ཀྱིས་བཏང་ ཡོངས་འབྲེལ་ཐོག་ལས་ཚོགས་རྒྱན་ལེ་ཤ་ཅིག་ར་ ལྷོད་པའི་སྐབས་ དག་བཅོས་འབད་མ་ཚུགས་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ སྒྲོམ་༣ འབད་མི་ཚུ་ ཁ་ཙ་ སྲིད་ཚོགས་ཚུ་གི་ ངོ་ཚབ་ཚུ་ འཛོམས་ཐོག་ཁར་ ཁ་བསྡམས་ཡོདཔ་ད་ ད་རིས་ དྲོ་པའི་ཆུ་ཚོད་༩ ལུ་ ཁ་ཕྱེ་སྟེ་ གྱངས་ཁ་རྐྱབ་ནི་དང་ གཞལམ་སྒང་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་ལུ་ འོང་འབབ་ལྡན་མི་༡༦,༡༣༣ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment