གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་རྩེད་རིགས་༢ ནང་མ་གཏོགས་ སྨན་རིགས་བཟའ་སྤྱོད་འབད་བའི་ གནད་དོན་མེདཔ།

༢༥/༥/༢༠༡༣   ༉ རྒྱལ་ཁབ་ནང་ རྩེད་རིགས་ཚུ་གི་སྐབས་ སྨན་རིགས་བཟའ་ནི་ཚུ་ བཀག་ཆ་འབད་ནིའི་དོན་ལུ་ ཁ་ཙ་ སྤ་རོ་ལུ་སྦེ་ ཉིན་གྲངས་༢ ཀྱི་དོན་ལུ་ ཞལ་འཛོམས་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
རྩེད་རིགས་ཀྱི་སྐབས་ སྨན་རིགས་ལག་ལེན་འཐབ་ནིའི་ ལམ་ལུགས་དེ་ རྒྱལ་ཁབ་ནང་ གསརཔ་ཅིག་ཨིནམ་བཞིན་དུ་ ལམ་ལུགས་དེ་ ལྟ་རྟོག་འབད་ནིའི་དོན་ལུ་ འབྲུག་ཨོ་ལམ་པིག་ཚོགས་སྡེའི་འོག་ལུ་ སྤྱི་ལོ་༢༠༡༡ ལས་ སྨན་རིགས་བཀག་འཛིན་བཀོད་ཚོགས་ ཚོགས་ཆུང་ཟེར་མིའི་ཚོགས་པ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།



སྨན་རིགས་བཀག་འཛིན་ཚོགས་ཆུང་གི་ཁྲི་འཛིན་ བསྟན་འཛིན་ནོར་བཟང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ལུ་ འབྲུག་པའི་ལུས་རྩལཔ་ཚུ་ ག་གིས་ཡང་ དེ་བཟུམ་མའི་ ལཱ་བྱ་འཐབ་པའི་དོགས་པ་མེད་ཟེར་ཨིན་པས།
ཁོ་གིས་ རྩེད་རིགས་ཚུ་གི་སྐབས་ དེ་བཟུམ་མའི་ ལཱ་བྱ་འཐབ་ནི་ལུ་ འོས་འབབ་ཡོད་པའི་ ས་ཁོངས་ཚུ་ནང་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་རུང་ ད་ཚུན་ལུ་ ངོས་འཛིན་བྱུང་བྱུངམ་མེད་ཟེར་ཨིན་པས།
ཨིན་རུང་ རྩེད་རིགས་ཀྱི་སྐབས་ སྨན་རིགས་བཟའ་ནིའི་ ལམ་སྲོལ་དེ་ རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ཚུ་གི་སྐབས་ བྱུངམ་མས་ཟེར་ ཁོ་གིས་སླབ་ཡོདཔ་ད་ མ་གཞི་ འབྲུག་གི་ལམ་སྲོལ་ཐོག་ལས་ མདའ་རྩེད་ཀྱི་སྐབས་ ཆང་འཐུང་ནིའི་ སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རང་སོའི་ལྕོགས་གྲུབ་ ཡར་སེང་འབད་ནིའི་དོན་ལུ་ སྨན་རིགས་ཚུ་ བཟའ་ནི་ཡང་ འགོ་བཙུགས་ནུག་ཟེར་ཨིན་པས།
རང་ལུགས་ཀྱི་ མདའ་རྩེད་ཚུ་ ལྟ་རྟོག་འབད་མི་ ལས་སྡེ་ཅིག་མེདཔ་ལས་ ཚོགས་པ་གིས་ མཉམ་འབྲེལ་ཐོག་ ལཱ་འབད་འཐབ་མེད་ནི་དེ་གིས་ གནད་དོན་དེ་ ག་དེ་སྦེ་ བསལ་ཚུགས་འོང་ག་ སླབ་མི་ཤེས་པས་ཟེར་ བསྟན་འཛིན་ནོར་བཟང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཁམས་ གཟུགས་སྟོབས་ཤུགས་ལྡན་བཟོ་མི་ཚུ་གིས་ བརྟག་དཔྱད་འབད་ནི་ལུ་ ཁ་བཟེད་མ་བཏུབ་མི་དེ་ སྨན་རིག་བཀག་འཛིན་གྱི་ ཁྲིམས་དང་འགལ་བ་ཅིག་ ཨིན་ཟེར་སླབ་ནུག།
རྩེད་རིགས་དེ་གཉིས་ནང་མ་གཏོགས་ ད་ལྟོ་ཚུན་ གཞན་མི་རྩེད་རིགས་ཚུ་ནང་ སྨན་རིགས་བཟའ་སྤྱོད་འབད་བའི་ གནད་དོན་ཚུ་ མེད་ཟེར་ སླབ་ཡོདཔ་ཨིན་པས།
སྨན་རིགས་བཀག་འཛིན་ཚོགས་ཆུང་དེ་ གཞི་བཙུགས་འབད་ཞིནམ་ལས་འགོ་བཙུགས་ ད་ཚུན་ལུ་ ས་གནས་ཀྱི་ ཞལ་འཛོམས་ཐེངས་༢ དང་ ལུང་ཕྱོགས་ཞལ་འཛོམས་ཚར་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ད་རེས་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྩེད་རིགས་ཚུ་གི་སྐབས་ སྨན་རིགས་བཟའ་སྤྱོད་འབད་ནི་ཚུ་ལས་ བཀག་ཐབས་འབད་ནིའི་ནང་ གྲལ་གཏོགས་འབད་བཅུག་ནིའི་ དམིགས་དོན་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ ཤྲི་ལངྐའི་སྤྱི་ཚོགས་ཀྱིས་ ག་དེམ་ཅིག་སྦེ་ ལུས་རྩལཔ་ཚུ་གིས་ དེ་བཟུམ་མའི་ ལཱ་བྱ་འཐབ་འདྲཝ་འབད་བའི་ ངོས་འཛིན་བྱུང་པ་ཅིན་ བཙོན་ཁྲིམས་ལོ་ངོ་༢ རེ་ཚུན་ བཀལ་ནི་ཨིན་པའི་ ཁྲིམས་ལུགས་ ཆ་འཇོག་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment