གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ལུ་ གོང་འཕེལ་དུམ་གྲ་ཅིག་ལས་བརྒལ་ མ་འགྱོ་བར་ཡོདཔ།

༢༣/༥/༢༠༡༣   ༉ ད་རིས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ལྷུན་རྩེ་རྫོང་ཁག་ནང་ བསྐུལ་བསྒྲགས་འབད་ནི་ཨིནམ་བཞིན་དུ་ ཁ་ཙ་ མོང་སྒར་ལུ་ འབད་ཡོདཔ་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ བཀྲིས་སྒང་གི་ མི་སེར་ཚུ་ལུ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་ལུ་ ཡར་རྒྱས་དུམ་གྲ་ཅིག་ལས་མ་འགྱོ་མི་ ལུང་ཕྱོགས་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ཨིནམ་ལས་ ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་མ་འགྱོ་བར་ཡོད་ཟེར་ཨིན་པས།


མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཀྲིས་སྒང་གི་ མི་སེར་ཚུ་དང་ ཕྱད་པའི་བསྒང་།

རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་གཞི་བཙུགས་འབད་བའི་ཤུལ་ལུ་ཡང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ལུང་ཕྱོགས་ག་ར་འདྲ་མཉམ་སྦེ་ ཡར་རྒྱས་བཏང་མ་ཚུགས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ མི་སེར་ཚུ་གི་སེམས་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ འཁོར་ལམ་སེལ་ཡོདཔ་མ་ཚད་ གྲོང་གཡུས་ཚུ་ནང་ གློག་མེ་བཀྲམ་སྤེལ་ དེ་ལས་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་ སྦྲེལ་མཐུད་བཟོ་ཡོདཔ་སྦེ་ མནོ་ནི་ཨིན་རུང་ ཁྱེད་མི་སེར་བཟུམ་སྦེ་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ མཐུན་རྐྱེན་དེ་ཚུ་ ལྷོད་དེ་ཡོད་ཟེར་ སླབ་ནུག།
ང་བཅས་ཀྱིས་ བརྟག་ཞིབ་ཚུལ་ལྡན་སྦེ་འབད་བ་ཅིན་ ཤར་ཕྱོགས་ལུ་ གོང་འཕེལ་གྱི་ ལས་སྣ་ག་ནི་ཡང་ ལྷོད་ལྷོདཔ་མེད་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ གྲོང་གཡུས་ཁྱིམ་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་མི་དང་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ སྦྲེལ་མཐུད་ལྷོད་མི་ཚུ་ འབྲུག་ཕུན་སུམ་ཚོགས་པ་གི་ གྲུབ་འབྲས་མེནམ་ཨིནམ་ མི་སེར་ཚུ་གིས་ སེམས་ཁར་བཞག་དགོ་ཟེར་ སླབ་ཡོདཔ་ཨིན་པས།
གློག་མེ་བཀྲམ་སྤེལ་འབད་མི་དེ་ འབྲུག་གློག་མེ་ལས་འཛིན་དང་ འགྲུལ་འཕྲིན་གྱི་ ཡོངས་འབྲེལ་སྦྲེལ་མཐུད་འབད་མི་དེ་ འབྲུག་བརྒྱུད་འཕྲིན་ཨིན་ཟེར་ སླབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཧེ་མའི་གཞུང་ལུ་ ཡོན་ཕུ་ལ་ནང་འཁོད་གནམ་ཐང་ཚུལ་ལྡན་མ་འགྱོ་མི་དང་ སློབ་དཔོན་སློབ་སྦྱོང་ལྟེ་བའི་ ཁས་བླངས་འབད་ཡོད་རུང་ གཞི་བཙུགས་འབད་མ་ཚུགས་པར་ལུས་མི་ དེ་ལས་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ འཁོར་ལམ་རྒྱ་བསྐྱེད་འབད་ནི་ འགོ་བཙུགས་ཏེ་ ལོ་༤ ཡར་སོང་རུང་ ལཱ་མགྱོགས་དྲགས་འབད་ནི་མེད་པའི་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤར་ཕྱོགས་ལུ་ ལྟ་བཤལ་གོང་འཕེལ་གཏང་ནིའི་ འོས་འབབ་ཡོད་རུང་ ལྟ་བཤལཔ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མ་ལྷོད་པས་ཟེར་ཨིནམ་ད་ གལ་སྲིད་ ཚོགས་པ་དེ་ བཙག་འཐུ་འགྲུབ་སོ་པ་ཅིན་ ཉུང་ཤོས་ར་ ལྟ་བཤལཔ་བརྒྱ་ཆ་༢༠ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཏང་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཤར་ཕྱོགས་ལུ་ གོང་འཕེལ་འདྲ་མཉམ་གྱི་དོན་ལུ་ ཆུ་ལུ་བརྟེན་པའི་ གློག་མེ་ལས་འགུལ་ཚུ་ མགྱོགས་དྲགས་སྦེ་ འགོ་བཙུགས་ནི་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ སྒོ་ཕྱེ་འོང་ཟེར་ཨིན་པས།
གཙོ་འཛིན་གྱིས་ ལྡོག་ཕྱོགས་ཚོགས་པ་སྒྲིང་སྒྲིང་དགོ་པའི་སྐོར་ལས་ཡང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གསལ་བཤད་འབད་ཡོདཔ་ད་ ང་བཅས་ཀྱིས་ སྲིད་ཚོགས་ཆ་མཉམ་གྱི་ འཛོམས་འདུ་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ གཞུང་སྐྱོང་ཚོགས་པ་བཟུམ་སྦེ་ར་ ལྡོག་ཕྱོགས་ཚོགས་པ་སྒྲིང་སྒྲིང་ཅིག་ བཙག་འཐུ་འབད་ནི་དེ་ཡང་ ག་ནི་བ་ གལ་ཆེ་ཟེར་ གྲོང་གཡུས་མི་སེར་ ཤེས་རབ་རྡོ་རྗེ་གིས་ སླབ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་དགོ་ནིའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ ག་དེ་སྦེ་ར་ ལྷུ་ཐབས་འབད་ནི་ཨིནམ་ལས་ དེ་ཚུ་ལུ་ དྲནམ་བཏོན་དགོ་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment