གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་བསྐུལ་བསྒྲགས་ ཧཱ་ལས་མཇུག་བསྡུ་ཡོདཔ།

༣༠/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ བདུན་ཕྲག་༣ གྱི་རིང་ བསྐུལ་བསྒྲགས་འབད་བའི་ཤུལ་ལུ་ ཚོགས་པའི་ གཙོ་འཛིན་དེ་ འབྲུག་པའི་མི་མེནམ་ད་ མགུ་ཏོ་ཁ་ སྐྱ་རྫུན་མ་བཙུགས་ཡོདཔ་བའི་སྐོར་ལས་ ཁ་བཏང་མི་དེ་ མི་བདེན་ཟེར་ ཧཱ་གི་ མི་སེར་ཚུ་ལུ་བཤད་ཡོདཔ་ཨིན་པས།


མ་གཞི་ ཚོགས་པའི་ གཙོ་འཛིན་གྱིས་ ཧཱ་ལུ་ གྲོས་འཛོམས་མཇུག་བསྡུ་བའི་ཤུལ་ལས་ དབང་འདུས་རྫོང་ཁག་ནང་ འགྱོ་ནི་སྦེ་ འཆར་གཞི་བཟོ་ཡོདཔ་ཨིན་རུང་ བསྐུལ་བསྒྲགས་ཀྱི་དུས་ཚོད་དེ་ ཕྱི་རུ་ཆུ་ཚོད་༨ ལས་ མཇུག་བསྡུ་དགོ་མི་ལུ་བརྟེན་ ཧཱ་ལས་སྦེ་ མཇུག་བསྡུ་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ གཙོ་འཛིན་གྱིས་ རྫོང་ཁག་༡༧ ནང་ བསྐུལ་བསྒྲགས་འབད་བར་སོང་ཡོདཔ་ཨིན་རུང་ དབང་འདུས་དང་ གཞལམ་སྒང་ དེ་ལས་ མགར་ས་རྫོང་ཁག་གསུམ་ནང་ ལྷོད་མ་ཚུགསཔ་ཨིན་པས།
མོ་གིས་ བསྐུལ་བསྒྲགས་ནང་ འགྱོ་བའི་རིང་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཡོདཔ་མཐོང་མི་ལུ་ སེམས་དགའ་ཡོདཔ་ཨིན་རུང་ ཉིནམ་༢ ཀྱི་རིང་ ཚོགས་པ་གཞན་མི་ཚུ་གིས་ མོ་གི་སྐོར་ལས་ མ་བདེན་པའི་ སྐྱོན་བརྗོད་འབད་མི་ཚུ་ མི་སེར་ལུ་ ཁ་གསལ་འབད་སླབ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚོགས་པ་༤ གི་གྲས་ལས་ ཧཱ་རྫོང་ཁག་ནང་འགྱོ་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་ ཤུལ་ལས་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་གྱིས་ ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ རྫོང་ཁག་༢༠ ཡོད་ས་ལས་ མི་སེར་ཉུང་ཤོས་དེ་ར་ མགར་ས་རྫོང་ཁག་གི་ ཤུལ་ལས་ ཧཱ་རྫོང་ཁག་ཨིན་པས།
བཙག་འཐུ་གི་དོན་ལུ་ ཉིནམ་༡ ལས་མེད་ནི་དེ་གིས་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པ་འགྱོ་བའི་སྐབས་ རྒྱལ་ཁབ་ནང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ལུ་ ལྟ་སྟེ་འབད་ནི་མེན་པར་ ཚོགས་པ་ག་གིས་ བསྒྱུར་བཅོས་འབད་ཚུགས་འོང་ག་ བརྟག་ཤིང་ལེགས་ཤོམ་སྦེ་ དཔྱད་དེ་ ཚོགས་རྒྱན་བཙུགས་དགོཔ་ ཁག་ཆེ་ཟེར་ཨིན་པས།
རྒྱལ་ཁབ་ན་ ད་ལྟོ་བུ་ལོན་ སྦོམ་སྦེ་ཡོད་མི་དེ་གིས་ འབྲུག་སྤྱིར་དབང་ཚོགས་པ་གིས་ མི་སེར་ལུ་ ས་བརྐོ་འཕྲུལ་ཆས་དང་ ཧེ་ལི་ཀོཔ་ཊཪ་གྱི་ ཞབས་ཏོག་བྱིན་ནི་གི་ ཁས་བླངས་འབད་མི་ཚུགས་ཟེར་ཨིན་པས། འདས་པའི་གཞུང་གིས་ ལོ་ལྔའི་རིང་ མི་སེར་གྱི་ རེ་བ་བསྐང་མ་ཚུགས་ཟེར་ མནོ་བ་ཅིན་ བསྒྱུར་བཅོས་འབད་ནི་གི་ དབང་ཚད་དེ་ མི་སེར་ཚུ་གི་ལག་པ་ལུ་ར་ ཡོད་ཟེར་ཨིན་པས།
ཨིང་མགོ་ གཡུས་ཚན་ལས་ ཨམ་ཅིག་གིས་ སླབ་མིའི་ནང་ གཙོ་འཛིན་གྱི་ བློ་སླབ་ཐངས་ལུ་ལྟ་བ་ཅིན་ ལྕོགས་གྲུབ་ཡོད་ནི་བཟུམ་མཐོངམ་མས་ཟེར་ཨིནམ་མ་ཚད་ ཚོགས་པ་གསརཔ་གིས་ རྒྱལ་ཁབ་ནང་ གནས་སྐབས་གསརཔ་ འབག་ཐོན་འོང་ཟེར་ཨིན་པས།
ཧཱ་རྫོང་ཁག་གི་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ ཁ་ཕྱེ་ཡོདཔ་མ་ཚད་ དེ་ནང་ལས་ ཚོགས་རྒྱན་༢༤ ཆ་མེད་སོང་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ངོ་སྦྱོར་གསལ་སྟོན་ལག་ཁྱེར་དེ་ ཡིག་སྣོད་འཛོལ་ཏེ་བཙུགས་མི་ལུ་བརྟེན་ཨིན་པས།
ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མི་སེར་ཚུ་གིས་ ཚོགས་པའི་གཙོ་འཛིན་ལུ་ ལྟ་སྟེ་ ཚོགས་རྒྱན་བཙུགས་ཡོད་རུང་ ད་ལྟོའི་ གནས་སྟངས་ནང་ ལ་ལུ་ཅིག་གིས་ ཚོགས་པའི་གཙོ་འཛིན་དང་ ལ་ལུ་ཅིག་གིས་ འདེམས་ངོ་ དེ་ལས་ ལ་ལུ་ཅིག་གིས་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ལུ་ ལྟ་སྟེ་ ཚོགས་རྒྱན་བཙུགས་ནི་བཟུམ་ཅིག་ མཐོང་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment