གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ སྤྲོ་བ་ཞེན་སུ་འགྱོ་དོ་ཡོདཔ།

ཡིད་འཛིན་སྡེ་ཚན་གྱིས་ གཱོལ་བཙུགས་ནི་གི་ དཔའ་བཅམ་པའི་བསྒང་།
༢༣/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་ཐང་ནང་ ཡིད་འཛིན་དང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

འབྲུག་ཡུ་ནའི་ཊེཌ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ གཞན་དལ་གཞི་ ཡིད་འཛིན་སྡེ་ཚན་དེ་ སྤྱི་ལོ་༢༠༡༢ ཀྱི་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་སྡེ་ཚན་གྱི་གྲས་ལས་ ཨང་དང་པ་ཐོན་ནི་དེ་གིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལུ་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ མ་འགྱོཝ་ལས་ གཱོལ་ལེ་ཤ་བཙུགས་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།
དེ་ཡང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་དེ་ ཐིམ་ཕུ་ཕུཊ་བཱོལ་སྡེ་ཚན་ཁ་པའི་ནང་ལས་ ཨང་༢ པ་ ཐོན་ཏེ་ སྡེ་ཚན་ཀ་པའི་ནང་ འགོ་ཐོག་རྩེད་འགྲན་འབད་ནིའི་ནང་ བཅའ་མར་གཏོགས་ནི་དེ་གིས་ཨིན་རུང་ ཡིད་འཛིན་སྡེ་ཚན་གྱིས་ དུས་ཡུན་སྐར་མ་༣༣ ལས་བརྒལ་གཱོལ་བཙུགས་མ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ རྡོ་རྗེ་གིས་སླབ་ཨིན་པས།
བར་མཚམས་ངལ་གསོའི་ནང་འཁོད་ལུ་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་པའི་སྐབས་སུ་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ཡང་ བཙུགས་མ་ཚུགསཔ་ད་ བར་མཚམས་ངལ་གསོ་ལས་ ཡིད་འཛིན་གྱིས་ ད་རུང་གཱོལ་༡ བཙུགས་ཏེ་ ཡོངས་བསྡོམས་ གཱོལ་༣ བཙུགས་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འབྲུག་ཡུ་ནའི་ཊེཌ་སྡེ་ཚན་གྱི་ འཛིན་སྐྱོང་པ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་དེ་ ན་གཞོན་སྐྱེས་ལོ་༡༦ ལས་༡༩ འི་བར་ན་འབད་མི་ཨིནམ་ལས་ ན་གཞོན་སློབ་ཕྲུག་ཚུ་གིས་ སྡེ་ཚན་གཞན་མི་ཚུ་དང་གཅིག་ཁར་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་མ་ཚུགས་པའི་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
མ་གཞི་ ན་གཞོན་སློབ་ཕྲུག་སྡེ་ཚན་གྱིས་ ཐེངས་༢ པའི་ནང་ཡང་ ཕམ་ཡོདཔ་ཨིན་རུང་ རྩེད་འགྲན་འབད་ནིའི་རིག་རྩལ་དང་ ལྕོགས་གྲུབ་ དེ་ལས་ ཤེས་ཡོན་ཚུ་ གོང་འཕེལ་སོང་ཡོདཔ་ལས་ གཞན་མིའི་ རྩེད་འགྲན་ཚུ་ནང་ ལེགས་ཤོམ་སྦེ་ རྩེད་ཚུགས་པའི་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ཐིམ་ཁྲོམ་སྡེ་ཚན་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུ་ཁྲོམ་སྡེ་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
རྫོང་རིག་སྡེ་ཚན་གྱི་ འཛིན་སྐྱོང་པ་ དགའ་རབ་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ རིག་རྩལ་དང་ ལྕོགས་གྲུབ་ བཱོལ་བྱིན་ཐངས་ཚུ་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ བཱོལ་འཕྱོག་ནིའི་གོ་སྐབས་ཐོབ་ཅིག་ གཱོལ་༢ བཙུགས་མི་དེ་ སྟབས་ལས་ལྟས་དབང་གིས་ འགྱོ་དོ་བཟུམ་ཅི་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ སྡེ་ཚན་ནང་ མར་གནོན་འབད་དོ་བཟུམ་འབད་དེ་ འཛུལ་ཞུགས་འབད་མ་བཏུབ་པའི་ཁར་ ཕུཊ་བཱོལ་སློབ་སྟོན་འབད་མི་ཚུ་གིས་ཡང་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ འཛུལ་ཞུགས་འབད་མི་བཏུབ་པས་ཟེར་ སླབ་ཨིན་པས།
ཨིན་རུང་ ད་རེས་ནངས་པའི་ རྩེད་འགྲན་འབད་མི་ལུ་ལྟ་སྟེ་ ངལ་རངས་དང་ ཡིད་ཆེས་སྦོམ་ཡོད་ཟེར་ཨིན་པས།
ཐིམ་ཁྲོམ་གྱི་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ འབད་བ་ཅིན་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ རྩེད་འགྲན་ལེགས་ཤོམ་འབད་ཡོདཔ་ལས་ སེམས་དགའ་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment