གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༤/༥/༢༠༡༣   མི་སྡེའི་བརྡ་བརྒྱུད་ དམ་འཛིན་གནང་དགོཔ།
༉ འབྲུག་མི་ཡོངས་ཀྱི་ བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ཞབས་ལས་ སྤྱི་ལོ་༡༩༩༨ ལུ་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱུས་དང་འཁྲིལ་ བློན་པོའི་ལྷན་རྒྱས་བསྐོ་བཞག་གནང་སྟེ་ ལོ་༨ ཀྱི་རྒྱབ་ལས་ འབྲུག་རྒྱལ་ཁབ་ནང་ དུས་ནམ་ཡང་ གོ་ཐོས་མ་བྱུང་བའི་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་འདི་ འགོ་བཙུགས་གནང་ཡོད་ཟེར་ཞུ་ནི། 


དེ་དང་འདྲཝ་སྦེ་ སྤྱི་ཚོགས་དང་པའི་ བཙག་འཐུ་དང་ གཞུང་སྐྱོང་དང་པའི་གནས་ཡུན་སྐབས་ དཔལ་འབྱོར་གྱི་ཐད་ལུ་ སྟབས་མ་བདེཝ་ཆུང་ཀུ་རེ་ཐོན་རུང་ སྲིད་དོན་དང་འབྲེལ་བའི་ ནད་མུགསདང་ ཟིང་འཁྲུགས་ག་ནི་ཡང་ མ་འབྱུང་མི་འདི་ དང་པ་ དཀོན་མཆོག་གསུམ་གྱི་ ཐུགས་རྗེ་དང་ གཉིས་པ་ དཔལ་ལྡན་འབྲུག་པའི་ ལྷ་ཆོས་སྐྱོང་མ་ཚུ་གི་ མཐུ་སྟོབས་ལས་བརྟེན་ཨིན་ཟེར་ཞུ་ནི།
ལྷག་པར་དུ་ མདང་ཞག་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་འདི་ཡང་ མཐར་འཁྱོལ་ཅན་དང་ རང་མོས་རྣམ་དག་གྱི་སྒོ་ལས་གྲུབ་ཚུགས་མི་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་གལ་ཆེ་ཤོས་ཅིག་ཨིན་མི་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཕྱག་ལཱ་ཚུ་ འཐུས་ཤོར་ག་ནི་ཡང་མེད་པར་གནང་པའི་ རྟགས་མཚན་དང་ འབྲུག་མི་ཡོངས་ཀྱིས་ཡང་ དམངས་གཙོའི་གཞུང་ལུ་ སྤྲོ་བ་དང་ དང་འདོད་ལེན་ཏེ་ འབྲེལ་གཏོགས་གནང་པའི་ བརྡ་མཚོན་ཅིག་ཨིན་མས་ཟེར་ཞུ་ནི།
དེ་མ་ཚད་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་ཚོགས་འདུ་བཙག་འཐུ་འགྲུབ་རན་དོ་ཡོདཔ་ལས་ ད་རེས་ནངས་པ་ སྲིད་དོན་ཚོགས་པ་དང་ དེའི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འབད་དེ་ འུར་བྱེལ་ལང་སྟེ་ཡོད་པའི་ཁར་ ཐ་ན་ ཟ་ཁང་ནང་ ཇ་གཅིག་འཐུང་པ་འགྱོ་རུང་ སྲིད་དོན་གྱི་ ལོ་རྒྱུས་གོཝ་ད་ ང་བཅས་རའི་ མི་ཚུ་ཡང་ ཧེ་མ་ སྤྱི་ལོ་༢༠༠༧ དང་ཕྱདཔ་ད་སྲིད་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་རྟོགས་བྱུང་པའི་ཁར་ དུས་ཅི་ སྲིད་དོན་ཚོགས་པ་མངམ་ཐོན་ཡོད་མི་ལུ་བརྟེན་ མི་སེར་གྱིས་ ཚོགས་རྒྱན་བསྐྱུར་ནི་གི་ གདམ་ཁ་ཡང་མངམ་ཐོབ་ལས་ ལེགས་ཤོམ་ཨིན་པས་ཟེར་ཞུ་ནི།
ཨིན་རུང་ ཆོས་ཟབ་སར་བདུད་ཟབ་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ ད་རེས་ནངས་པ་ བརྡ་བརྒྱུད་ནང་ལས་ཕར་ མི་སེར་ཚུ་ལས་ ཚོགས་རྒྱན་ལྷུ་ནིའི་དོན་ལུ་ ལྟོ་དང་འགྲུལ་འཕྲིན་ཚུ་ བྱིན་དོ་ཡོད་པའི་ ཁ་ཉེས་ཚུ་ གསལ་བཀོད་འབད་མི་ལུ་ལྟཝ་ད་ སེམས་ཕམ་པའི་ གཞི་ཅིག་ཨིནམ་མ་ཚད་ ད་རིས་ དཔལ་འབྱོར་གོང་འཕེལ་གྱི་ ལེགས་བསྒྱུར་སྦོམ་སྦེ་སོང་སྟེ་ཡོད་པའི་ ནམ་དུས་ལུ་ གློག་རིག་ཡོངས་འབྲེལ་ཡང་ དར་ཁྱབ་སོང་སྟེ་ཡོད་མི་ལུ་བརྟེན་ མི་ཚུ་གིས་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ ཁ་བཏང་ སྐྱོན་བརྗོད་འབད་མི་ཚུ་ རང་སོའི་བསོད་ནམས་སྐམ་ནི་གི་ ལཱ་བྱ་ཅིག་ཨིན་མས་ཟེར་ཞུ་ནི།
གནད་དོན་དེ་ལུ་བརྟེན་ མི་སྡེའི་བརྡ་བརྒྱུད་ནང་ བྲིས་མི་ཚུ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧ པའི་གཞི་རྟེན་ཐོབ་དབང་ཨིན་རུང་མ་བདེན་པའི་ འཐོར་གཏམ་ལུ་ བདེན་པ་བཟུང་སྟེ་ ཁ་ཉེས་བཀལ་མི་དེ་ ཁྲིམས་དང་འགལ་བ་ཨིནམ་མ་ཚད་ མི་དཀར་ལུ་ ཞྭ་ནག་སྤུབ་ནི་ལས་ འཛེམ་དགོཔ་འདི་ ཁག་ཆེ་བས་ཟེར་ ཞུ་ནི་དང་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་ ལམ་སྟོན་གྱི་ བཅའ་ཡིག་དང་ སྒྲིག་གཞི་བཏོན་མི་དེ་ སྲིད་དོན་ཚོགས་པ་ཚུ་ལུ་ སྐྱོན་བརྗོད་འབད་ནི་ལས་ སྔོན་འགོག་འབད་ཐབས་ལུ་ བསྟར་སྤྱོད་གནང་ནི་གི་ ཐུགས་བཞེད་གནང་་དགོཔ་འདུག་ཟེར་ ཞུ་ནི་་ཨིན།
 
པདྨ་དབང་ཕྱུག། ཐིམ་ཁྲོམ།

No comments:

Post a Comment