གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ སེམས་ཤུགས་བསྐྱེད་མི་ ཉུང་སུ་ཅིག་ལས་མེདཔ།

༢༥/༥/༢༠༡༣   ༉ རྒེད་འོག་སོ་སོ་ཚུ་དང་ཕྱདཔ་ད་ བསམ་གྲུབ་ལྗོངས་མཁར་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་པ་འོང་མི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་དང་ཕྱདཔ་ད་ ད་རེས་ཀྱི་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ མི་གྲངས་༢༠ འོང་ཡོདཔ་ཨིན་པས།
གྲོས་འཛོམས་ནང་ མི་སེར་ཚུ་གིས་ འབྲེལ་གཏོགས་འབད་བའི་བསྒང་།


འབྲུག་སྤྱིར་དབང་ཚོགས་པའི་ བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ལས་ འདེམས་ངོ་ ཤེས་རབ་ཆོས་སྒྲོན་གྱིས་ མོ་རའི་སྐོར་ལས་དང་ མོ་རའི་གཙོ་འཛིན་གྱི་ སྐོར་ལས་ ངོ་སྤྲོད་འབད་དེ་ སྤྱིར་བཏང་གྲོས་འཛོམས་དེ་ འགོ་བཙུགས་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ སློབ་གྲྭ་ཆུང་བའི་ སྤྱི་དོན་ཁང་ནང་ མི་སྟོང་ཕྲག་ལྷགཔ་ཅིག་ཤོང་ནི་ཨིན་རུང་ གྲོས་འཛོམས་ནང་འོང་མིའི་ མི་༣༠ དེ་ཅིག་ལས་བརྒལ་མེདཔ་ད་ མི་༣༠ གི་གྲས་ལས་ཡང་ མི་༡༠ དེ་ཅིག་ རྫོང་ཁག་དང་ ཁྲོམ་སྡེ་ནང་ ལཱ་འབད་མི་ཚུ་ཨིན་པས།
བདེ་བ་ཐང་- སྒོམ་དར་གྱི་ འདེམས་ངོ་ཚུ་གི་གྲས་ལས་ ཆུང་ཤོས་ཅིག་ཨིན་མི་ ཤེས་རབ་ཆོས་སྒྲོན་གྱིས་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཚུ་ འབད་ཡོདཔ་མ་ཚད་ མོ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ རང་མགོ་རང་འདྲོང་གི་ དཔལ་འབྱོར་ལུ་ དམིགས་གཏད་བསྐྱེད་ནི་ཟེར་ སླབ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པ་གིས་ རྒྱལ་ཁ་ཐོབ་པ་ཅིན་ ཨམ་སྲུ་ལུ་ དབང་ཆ་བྱིན་ནི་དང་ ན་གཞོན་གྱི་ དཀའ་ངལ་བསལ་ནི་ཟེར་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ དབང་འདུས་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་གྱི་ གཞུང་དང་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ནང་ ཏི་རུ་དང་ དབང་ཚད་ཡོད་མི་ འདེམས་ངོ་མེན་པར་ རིག་རྩལ་དང་ལྡན་པའི་ འདེམས་ངོ་ཙང་ཙ་འབད་ནི་དེ་གིས་ གཞུང་ཧིང་སངས་ས་སྦེ་ སྐྱོང་ནི་གི་ཁས་བླངས་འབདཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ དབང་འདུས་རྒྱལ་མཚན་གྱིས་ འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ཁྲོམ་དེ་ ཅ་ཆས་ནང་འདྲེན་དང་ ཕྱིར་ཚོང་འཐབ་ནིའི་ ས་གནས་ཅིག་ལུ་ བཟོ་ནི་གི་འོས་འབབ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དལྟོ་ཡོད་མི་དེ་ ག་ར་བསྒྱུར་བཅོས་འབད་ནི་མེན་པར་ ད་ལྟོ་ཡོད་མི་ཚུ་ ལེགས་བསྒྱུར་འབད་ནི་ནང་ གཙོ་བོར་བཏོན་ནི་ཟེར་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྐྱེས་ལོ་༦༠ ལང་མི་ མིང་བོ་འབྲུག་པ་གིས་ དབང་ཚད་ཕྱིར་སྤེལ་གྱི་སྐོར་ལས་ མི་སེར་ལུ་ གོ་བ་བརྡ་སྤྲོད་ཚུ་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་ཡོད་པ་ཅིན་ རྐྱངམ་ཅིག་ མི་སེར་ཚུ་ རང་མགོ་རང་འདྲོངས་བཟོ་ཚུགས་ཟེར་ མིང་བོ་འབྲུག་པ་གིས་ བཤདཔ་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་དེ་ ཧེ་མ་རྩ་ལས་ར་ མ་ཐོན་མིའི་ དཀའ་ངལ་གསརཔ་ཅིག་ཨིན་ཟེར་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ ཨྱོན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རུ་པི་གི་དཀའ་ངལ་ དེ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་ལུ་བརྟེན་ཏེ་ བྱུང་བྱུངམ་ཅིག་མེན་ཟེར་ཨིནམ་ད་ དེ་མ་ཚད་ འཛམ་གླིང་ནང་ བུ་ལོན་མེད་པའི་ རྒྱལ་ཁབ་ཕུད་རྡོག་༡ ཡང་མི་འོང་ཟེར་ ཨྱོན་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment